གཙོ་ངོས།>> སློབ་གསོ།>>ཁྱིམ་ཚང་སློབ་གསོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༧ཉིན།

༄༅།།བྱིས་པས་ཁར་མི་ཉན་པའི་རྒྱུ་མཚན་ཅི།


         བྱིས་པ་ལོ་གསུམ་ལ་བུད་རྗེས། ཕ་མས་རིམ་བཞིན་བྱིས་པ་སྔོན་དང་མི་འདྲ་བར་ཁོང་ཁྲོ་ལངས་ཤེས་པ་དང་རང་ལ་བསམ་ཚུལ་ཡོད་པ་ཤེས་ཀྱིན་ཡོད། འོ་ན་ཁྱོད་ཚོས་བྱིས་པས་ཕ་མའི་ཁར་མི་ཉན་པའི་རྒྱུ་རྐྱེན་ཅི་ཡིན་པ་ཤེས་ཡོད་དམ།

འགུལ་སྐྱོད་ནུས་པའི་འཕེལ་རྒྱས།
          བྱིས་པའི་ལུས་པོའི་འགུལ་སྐྱོད་ནུས་པ་རིམ་བཞིན་ཇེ་ཆེར་སོང་བ་དང་བསྟུན་ནས། རང་ཉིད་ལ་སྒེར་ཚུགས་ཀྱི་བར་སྟོང་ཞིག་ཡོད་ན་འདོད་དེ།རྒྱུན་ཆད་མེད་པར་རང་གི་འདོད་བློ་ལྟར་བྱ་དངོས་གསར་པར་འཇུག་བཞིན་ཡོད། སྐབས་དེར་ཕ་མ་མང་ཆེ་བས་བྱིས་པའི་བྱ་སྤྱོད་ལ་བཀག་འགོག་དང་ཚོད་འཛིན་བྱེད་པས། བྱིས་པ་དོན་དེར་མ་རངས་པར་ཕ་མ་དང་ཁ་འཛིང་བྱེད་པའམ་ཡང་ན་ཁར་མི་ཉན་པའི་སྣང་ཚུལ་འབྱུང་གིན་ཡོད། དེའི་སྟབས་ཀྱིས་བྱིས་པ་ཕ་མ་དང་ཁ་གཏད་དུ་ལངས་ནས་ཁར་མི་ཉན་པའམ་ཡང་ན་བསྒྲུབ་མི་རུང་བའི་བྱ་བ་སྒྲུབ་པ་རེད།

རང་བདག་འདུ་ཤེས་ཀྱི་འཕེལ་རྒྱས།
          བྱིས་པ་ལོ་གསུམ་ལ་བུད་རྗེས་རང་བདག་འདུ་ཤེས་འཕེལ་རྒྱས་སུ་འགྲོ་ཞིང་། བྱ་འགུལ་གྱི་རང་བདག་རང་བཞིན་དང་ཧུར་བརྩོན་རང་བཞིན་ཇེ་མཐོར་སོང་ནས། རང་ཉིད་ལ་བྱ་བ་སྒྲུབ་པའི་སྟོབས་ཤུགས་ཡོད་པར་འདོད་དེ་བྱ་འགུལ་གང་རུང་ནང་ཞུགས་པ་རེད། གལ་ཏེ་ཁྱིམ་བདག་གིས་དུས་ཡུན་རིང་པོར་རང་གི་འདོད་བློ་ལྟར་བྱིས་པའི་བྱ་བར་ཚོད་འཛིན་བྱས་ན་སུན་སྣང་སྐྱེས་ཏེ་ཕ་མའི་ཁ་ལ་མི་ཉན་པ་རེད།
མཚར་སྐྱེས་བསམ་པར་ཡིད་ཚིམ་པོ་མ་བྱུང་བ།
          བྱིས་པ་ཚོར་མཚར་སྐྱེས་ཀྱི་བསམ་བློ་དྲག་པོ་ལྡན་པས་བྱ་དངོས་གང་ཡང་རུང་བར་འཇུག་འདོད་ཀྱི་བློ་སྐྱེས་པ་རེད། གལ་ཏེ་ཕ་མས་བྱིས་པའི་བསམ་ཚུལ་མ་རྟོགས་པར་བྱིས་པས་བསྒྲུབས་པ་ཐམས་ཅད་གནས་ལུགས་དང་མི་མཐུན་ཞིང་། པྲ་ཚགས་ཀྱི་བྱ་སྤྱོད་དུ་བསྒོམས་ནས་བྱིས་པའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པ་དང་། དེ་ལས་གཞན་བཀའ་བཀྱོན་དང་གཤེ་གཤེ་བཏང་ན། བྱིས་པའི་འདོད་བློ་མ་ཚིམ་པར་ཕ་མའི་ཁ་ལ་མི་ཉན་པའི་སྣང་ཚུལ་ཐོན་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1