ཡུལ་ཤུལ་ཁུལ་གྱི་འབྲོག་པ་ཁྲི་13.3གྱི་གློག་མེད་པའི་འཚོ་བ་མཇུག་བསྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-01


          ཉེ་དུས་ཀྲུང་གོ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་སྤྱི་གཉེར་ཁང་གིས་དུད་ཚང་དུ་སྤྱོད་པའི་འོད་ཤུགས་གློག་ཁུངས་ཀྱི་མཐའ་མའི་མ་ལག་369ཚང་མ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཧ་ཤུལ་ཡུལ་ཤོག་གི་འབྲོག་པ་ཚོར་སྤྲད་པས། ཞིང་འབྲོག་པ་ཁྲི་13.3གྱི་གློག་མེད་པའི་འཚོ་བ་མཇུག་བསྒྲིལ།

          མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དེ་ཉིད་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་ཀྱི་གཙང་གསུམ་ཆུ་འགོར་གནས་པ་དང་། དེར་ཆ་སྙོམས་ཀྱི་མཚོ་འཕགས་སྨི་4200ཡན་ཟིན་པ་ནི། མཚོ་སྔོན་ཞིང་ཆེན་དུ་ཨང་དང་པོ་དང་རྒྱལ་ཡོངས་སུ་ཨང་གཉིས་པར་བཙུགས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་30ཡི་ཁྲོད་ཀྱི་གྲངས་ཉུང་མི་རིགས་གཙོ་བོ་བཟུང་བའི་བསྡུར་གྲངས་མཐོ་ཤོས་དང་། ས་བབ་མཐོ་ཤོས། མི་རེའི་ཆ་སྙོམས་ས་ཆ་བཟུང་བའི་རྒྱ་ཁྱོན་ཆེ་ཤོས། སྣོད་བཅུད་གནས་ཡུལ་གལ་ཆེ་ཤོས་བཅས་ཀྱི་རང་སྐྱོང་ཁུལ་ཞིག་ཀྱང་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1