༄༅།།རྒྱུགས་སྤྲོད་སློབ་མ་ཚོས་གནས་ཚུལ་འདི་དག་ལ་དོ་སྣང་བྱ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཞིང་ཁམས། སྤེལ་དུས། 07-08



           དེ་རིང་རྒྱུགས་སྤྲོད་སློབ་མ་ཚོ་རྒྱུགས་རྭར་ཕྱིན་ཏེ་རྒྱུགས་རྭ་དང་དེའི་ཉེ་འགྲམ་གྱི་ཁོར་ཡུག་ལ་རྒྱུས་མངའ་བྱས་ཡོད།  འདིར་རྩོམ་སྒྲིག་པས་དྲན་སྐུལ་ཞུ་རྒྱུར། སང་ཉིན་ཞོགས་པ་རྒྱུགས་རྭར་བསྐྱོད་སྐབས། ངེས་པར་དུ་འགྲིམ་འགྲུལ་དང་། རྒྱུགས་རྭའི་གནས་སྟངས། སྡོད་གནས་ཆ་འཕྲིན་སོགས་ཚང་མར་རྒྱུས་མངའ་ལོན་པར་བྱ་དགོས་པར་མ་ཟད། ད་དུང་རྒྱུགས་རྭའི་འགོག་ཟོན་བྱ་ཐབས་ལ་ཡང་རྒྱུས་མངའ་ལོན་པར་བྱ་དགོས།
           ༡ རྒྱུགས་རྭར་སྐྱོད་པའི་ལམ་ཐིག་ལ་རྒྱུས་མངའ་ལོན་པར་བྱ་དགོས། སང་ཉིན་རྒྱུགས་རྭར་སྐྱོད་སྐབས། རང་ཉིད་ཀྱི་སྡོད་གནས་ནས་རྒྱུགས་རྭའི་བར་ལམ་ཐག་ག་ཚོད་ཡོད་པ་དང་། འགྲིམ་འགྲུལ་ཡོ་ཆས་དང་ལམ་ཐིག་གང་ཞིག་བརྒྱུད་ནས་སྐྱོད་ན་སྟབས་བདེ་ཡོད་མེད་སོགས་རྒྱུས་མངའ་ལོན་པར་བྱ་དགོས། གལ་སྲིད་རྒྱུགས་རྭ་རང་ཉིད་ཀྱི་སྡོད་གནས་ལས་བར་ཐག་ཅུང་རིང་ཙམ་ཡོད་ཚེ། རྒྱུགས་རྭའི་ཉེ་འགྲམ་དུ་ཁ་ལག་བཟའ་ས་དང་། ངལ་གསོ་རྒྱག་ས་ཡོད་མེད་སོགས་བལྟ་དགོས།
           ༢ རང་ཉིད་ཀྱི་འགོག་ཟོན་ཡག་པོ་བྱ་དགོས་པ་དང་། ཡག་ཤོས་བྱུང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ནང་སྡོད་རྒྱུ་མེད། རྒྱུགས་རྭར་ལྟ་བར་འགྲོ་སྐབས་ནས་རང་ཉིད་ཀྱི་འགོག་ཟོན་ཡག་པོ་བྱ་དགོས་པ་དང་། ཁ་རས་བརྒྱབ་སྟེ་རྒྱུགས་རྭར་བསྐྱོད་དགོས་ཤིང་། རབ་བྱུང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ནང་སྡོད་རྒྱུ་མེད། གལ་སྲིད་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ནང་བསྡད་ཚེ། ཆིག་སྤྱོད་རང་བཞིན་གྱི་སྨན་བཅོས་ལག་ཤུབས་གྱོན་དགོས་པ་དང་། ལག་པའི་གཙང་སྦྲ་ཡག་པོ་བྱ་དགོས། རྒྱུགས་རྭའི་ནང་འཛུལ་སྐབས་ངེས་པར་དུ་ཁ་རས་བརྒྱག་དགོས། རྒྱུགས་རྭའི་ནང་འཛུལ་སྐབས་ལས་དོན་མི་སྣའི་འགོག་ཟོན་བདེ་འཇགས་ཞིབ་བཤེར་ལ་གཞོགས་འདེགས་བྱ་དགོས།
           ༣ རྒྱུགས་རྭ་བར་སྐྱོད་པར་དུས་ཚོད་ག་ཚོད་འགོར་མིན་རྩིས་ཡག་པོ་བརྒྱག་དགོསཔ་དང་། རབ་བྱུང་ན་ཆུ་ཚོད་གཅིག་སྔ་སྣུར་དུ་རྒྱུགས་རྭར་བསྐྱོད་དགོས།
           ༤ སློབ་གྲྭའི་བླང་བྱར་བརྩི་སྲུང་ཞུས་ནས། འབྲེལ་ཡོད་ཆ་འཕྲིན་ཞིབ་དཔྱད་བྱ་དགོས།
           ༥ རྒྱུགས་རྭའི་ཁོར་ཡུག་རྒྱུས་མངའ་ལོན་པར་བྱ་དགོས། རྒྱུགས་རྭའི་ནང་འཛུལ་རྗེས། གལ་སྲིད་རང་ཉིད་སྡོད་སའི་སྒྲོག་རྩེའི་ནང་ཡིག་ཚད་དང་འབྲེལ་བ་མེད་པའི་ཅ་དངོས་ཡོད་ཚེ། དུས་ཐོག་ཏུ་རྒན་ལགས་ལ་སྙན་སེང་ཞུ་དགོས།
           ༦འགོག་ཟོན་སྒྲ་ཕབ་ནན་ཏན་ངང་མཉན་དགོས། མཐོ་རྒྱུགས་ནི་ཧ་ཅང་སྒམ་བརླིང་ཆེ་བའི་རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ཤིག་ཡིན་པས། ངེས་པར་དུ་གཟབ་ནན་བྱ་དགོས་པ་དང་། སྒྲ་ཕབ་ཀྱི་དྲན་སྐུལ་གཞིར་བཟུང་སྟེ། རྒྱུགས་རྭའི་འགོག་ཟོན་བྱ་ཐབས་དང་། ཞིབ་བཤེར་རྒྱུད་རིམ། གྲ་སྒྲིག་འགོག་ཟོན་དངོས་པོ་སོགས་ལ་རྒྱུས་མངའ་ལོན་པར་བྱས་ཏེ། རང་ཉིད་ཀྱི་འགོག་ཟོན་ཡག་པོ་བྱ་དགོས།
           ༧རྒྱུགས་རྭའི་ནང་ཁྱེར་མི་ཆོག་པའི་ཅ་དངོས་ལ་རྒྱུས་མངའ་ལོན་པར་བྱ་དགོས། དཔེར་ན། ལག་ཐོག་ཁ་པར་དང་ཆུ་ཚོད། དེ་བཞིན་རིགས་ཁག་གི་གློག་རྡུལ་ཡོ་ཆས་དང་། རྩིས་རྒྱག་འཕྲུལ་ཆས། ཤོག་བུ་སོགས་གཏན་ནས་ཁྱེར་མི་རུང་།
           ༨གསང་སྤྱོད་དང་སྨན་བཅོས་ཁང་སྔོན་ནས་འཚོལ་དགོས། རྒྱུགས་སྤྲོད་སློབ་མ་ཁག་ཅིག་དངངས་འཚུབ་བྱས་ནས་ཡང་སེ་གསང་སྤྱོད་ལ་འགྲོ་དགོས་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་པས། གསང་སྤྱོད་གང་དུ་ཡོད་མེད་ཤེས་པར་བྱ་དགོས། དེ་མིན། རྒྱུགས་རྭའི་སྨན་བཅོས་ཁང་དང་། སེམས་ཁམས་མཛུབ་སྟོན་ཁང་སོགས་གང་དུ་ཡོད་མེད་ཀྱང་ཤེས་པར་བྱ་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1