༄༅།།བྱི་རིམས་ཀྱི་སྔོན་འགོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 07-08


 འབྲོག་ཁུལ་དུ་བྱི་རིམས་བྱུང་དུས་ང་ཚོས་ཇི་ལྟར་སྔོན་འགོག་བྱེད་དམ།

        ཉེ་ཆར། ནང་སོག་རང་སྐྱོང་ལྗོངས་པ་ཡན་ནའོ་ཨེར་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དྲ་ཚིགས་སུ་སྤེལ་བའི་གནས་འཕྲིན་ལྟར་ན། 2020ལོའི་ཟླ7པའི་ཚེས5ཉིན། ཆེད་མཁས་ཚོགས་ཆུང་གིས་པ་ཡན་ནའོ་ཨེར་གྲོང་ཁྱེར་གྱི་འབྲོག་པ་ཞིག་ལ་བརྟག་དཔྱད་བྱས་པ་བརྒྱུད་བྱི་རིམས་རིགས་ཤིག་ཕོག་ཚུལ་གཏན་ཁེལ་བྱས་པ་རེད།
        བྱི་རིམས་ཞེས་པ་ནི་རང་བྱུང་ཁམས་ན་གདོད་མར་གནས་པའི་ནད་རིགས་ཤིག་ཡིན་ལ། རིམས་ནད་འདི་བྱི་བ་སོགས་ཀྱི་ཐོག་གི་ལྗི་བ་ལ་བརྟེན་ནས་འགོས་ཁྱབ་བྱུང་བ་ཞིག་ཡིན། མིག་སྔར། རང་རྒྱལ་དུ་བྱི་རིམས་ཀྱི་རང་བྱུང་རིམས་ནད་འབྱུང་ཡུལ་རིགས་མི་འདྲ་བ12ཡོད་ཅིང་། གཙོ་བོ་བོད་ལྗོངས་དང་མཚོ་སྔོན་ན་ཡོད། རིམས་ནད་འདི་རང་རྒྱལ་དུ་འགོ་ནད་ཀ་རིགས་སུ་བརྩིས་ཏེ་དོ་དམ་བྱེད་པ་དང་། ལོ་རྒྱུས་ཐོག་ཏུ་འདི་ནི་ཤི་ཚད་མཐོ་བའི་རིམས་ནད་ཚབས་ཆེན་ཞིག་ཡིན།
        བྱི་རིམས་སྔོན་འགོག་བྱེད་པ་ལ། “བསྒྲུབ་མི་རུང་བ་གསུམ་དང་ཡར་ཞུ་གསུམ”གྱི་བླང་བྱ་ལྟར། མི་སྒེར་གྱིས་སྔོན་འགོག་བཟང་པོ་བྱས་ཏེ་རང་ཉིད་ཀྱི་འགོག་སྲུང་འདུ་ཤེས་དང་ནུས་པ་ཇེ་མཐོར་གཏང་དགོས།
གཅིག བསྒྲུབ་མི་རུང་བ་གསུམ་སྟེ། ཀ རིམས་ནད་འབྱུང་ཡུལ་ནས་རི་དྭགས་ལྐོག་རྔོན་བྱེད་མི་རུང་། ཁ རིམས་ནད་འབྱུང་ཡུལ་གྱི་སྲོག་ཆགས་གསོད་པའམ་དེའི་ཤ་བཟའ་མི་རུང་། ག རིམས་ནད་འབྱུང་ཡུལ་གྱི་སྲོག་ཆགས་དང་ཐོན་རྫས་ཕྱི་རོལ་དུ་ཁྱེར་མི་རུང་།
གཉིས། ཡར་ཞུ་གསུམ་སྟེ། ཀ ཕྱི་བ་དང་སྲོག་ཆགས་གཞན་རིགས་ན་བའམ་ཤི་བ་མཐོང་དུས་ཡར་ཞུ་བྱེད་དགོས། ཁ བྱི་རིམས་ཕོག་པའི་ནད་པ་འདྲ་བྱུང་ན་ཡར་ཞུ་བྱེད་དགོས། ག རྒྱུ་རྐྱེན་མི་གསལ་བའི་ཚ་རྒྱས་ནད་པ་དང་གློ་བུར་དུ་ཤི་མཁན་བྱུང་ན་ཡར་ཞུ་བྱེད་དགོས། 
གསུམ། སྒེར་གྱི་གཙང་སྦྲའི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། མི་མང་སར་མི་འགྲོ་བ། སྨན་ཁང་དུ་འགྲོ་བའམ་རང་ཉིད་ལ་ཚ་བ་རྒྱས་པ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་ཡོད་ཚེ། འཕྲལ་མར་ཁ་ཐུམ་བརྒྱག་དགོས།
བཞི། གལ་ཏེ་བྱི་རིམས་ཕོག་པའི་ནད་པ་དང་འབྲེལ་འདྲིས་བྱས་མྱོང་ན། རང་འགུལ་ངང་རིམས་ནད་ཚོད་འཛིན་སྡེ་ཁག(疾控部门)ཏུ་ཕྱིན་ཏེ་ཐོ་འགོད་བྱེད་དགོས། གལ་སྲིད་ཚ་བ་རྒྱས་པ་དང་། གློ་ལུ་བ། ཟུག་གཟེར་ལངས་པ། ཁྲག་ལུ་བ་སོགས་ཀྱི་ནད་རྟགས་བྱུང་ན་འཕྲལ་མར་སྨན་བཅོས་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1