ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་སྟེ་སྡེ་དགེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-09


    སྤྱི་ཟླ་7པའི་ཚེས་6ཉིན། གསར་འགོད་པས་སྡེ་དགེ་རྫོང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱིས་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པར་བརྒྱུད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ལ་“ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་”ཞེས་པའི་མཚན་སྙན་བསྩལ་ཞིང་ཡིག་ཆ་བསྒྲགས། སྡེ་དགེ་ལ་ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་གླིང་གེ་སར་རྒྱལ་པོའི་ཕ་ཡུལ། ཟུར་ལུགས་གསོ་རིག་གི་འབྱུང་གནས་བཅས་ཀྱི་མཚན་སྙན་ལྡན་ལ། ད་ཐེངས་ཡང་ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་གྱི་བ་དན་དགུང་དུ་བསྒྲེངས།



    ཉེ་བའི་ལོ་ཤས་རིང་། སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་། འཕེལ་རྒྱས་སོགས་ཀྱི་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཡུལ་དུས་དང་བསྟུན་ནས་གྲོང་གསེབ་དར་རྒྱས་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། ས་ཁོངས་རང་གི་རིག་གནས་ཀྱིས་དབུལ་སེལ་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་བྱས་པ་བཅས་ཕྱོགས་མང་འཕེལ་རྒྱས་གཏོང་བའི་ཐབས་ཤེས་སྤྱད་དེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེས་ན་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པར་བརྒྱུད་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ལ་ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་ཞེས་པའི་མིང་བཏགས་གནང་བར་གཏན་འབེབས་བྱས་པ་རེད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1