༄༅།།ཁྱིམ་བདག་གིས་བྱིས་པ་ཁྲིད་ནས་ཕྱི་ལ་འགྲོ་དུས་ངེས་པར་དུ་བྱིས་པའི་བདེ་འཇགས་སྲུང་སྐྱོང་བྱ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-09



           ཁྱིམ་བདག་ཚོང་རར་སོང་རྗེས།
           མི་དམངས་ཉེན་རྟོག་པས་རླངས་འཁོར་ནང་དུ་ལུས་པའི་བྱིས་པར་་་
           ཉེ་ཆར། ཅང་སུའུ་ནན་ཐུང་དུ་།
           མི་དམངས་ཉེན་རྟོག་པ་ཞིག་གིས།
           རླངས་འཁོར་ནང་གཉིད་དུ་ཡུར་བའི་བྱིས་པ་ཞིག་ལ་སྐར་མ་བཞིའི་རིང་ཆར་བ་བཀག

           མི་དམངས་ཉེན་རྟོག་པ་དེ་ནི།
           ནན་ཐུང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་སྤྱི་བདེ་ཅུས་
           གྲོང་བྱང་མངགས་གཏོང་ཁང་གི་ན་གཞོན་མི་དམངས་ཉེན་རྟོག་པ་ཁྲེན་ཀྲེ་རེད།

           ཉིན་དེའི་ཕྱི་དྲོ། 
           ཁྲེན་ཀྲེ་ཡིས་ཁོངས་གཏོགས་ཁུལ་གྱི་ཚོང་འདུས་ཁྲོམ་ར་གཉིས་པ་ནས། 
           ཉེན་རྟོག་ལས་དོན་ཐག་གཅོད་བྱས་རྗེས།
           ཉེན་རྟོག་པའི་རླངས་འཁོར་ལ་བསྡད་ནས་མངགས་གཏོང་ཁང་དུ་ལོག་རྩིས་བྱེད་སྐབས། 
           མ་བསམ་ས་ནས། 
           ལམ་འགྲམ་གྱི་རླངས་འཁོར་ནག་པོ་ཞིག་གི་སྒེའུ་ཁུང་ཕྱེ་འདུག་པ་མཐོང་ཞིང་། 
           ཕར་སོང་ནས་བལྟས་པ་ན།
           རླངས་འཁོར་གྱི་ཁ་ལོ་བའི་འགྲམ་གྱི་འདུག་སྟེགས་སྟེང་དུ་ཕྲུ་གུའི་རྐུབ་སྟེགས་ཤིག་ཡོད་པ་དང་།
           དེའི་སྟེང་དུ་ལོ་གཅིག་ཡས་མས་ཀྱི་ཕྲུ་གུ་ཆུང་ཆུང་ཞིག་བཞག་ཡོད་པ་མཐོང་།

           ཁྲེན་ཀྲེ་ཕྲུ་གུ་དེའི་བདེ་འཇགས་ལ་སེམས་ཁྲལ་སྐྱེས་པས། 
           མྱུར་དུ་འཁོར་བདག་ལ་འབྲེལ་བ་བྱས།
           འཁོར་བདག་གིས་ལན་དུ་ཁོས་ཚོང་རའི་ནང་དུ་སྔོ་ཚལ་ཉོ་བཞིན་ཡོད། 
           བྱིས་པ་གཉིད་སོང་བས་ནང་དུ་མ་ཁྲིད་པ་ཡིན་ཞེས་བཤད་འདུག
           བསམ་ཡུལ་ལས་འདས་པའི་དོན་རྐྱེན་མི་འབྱུང་ཆེད། 
           ཁྲེན་ཀྲེ་ཡིས་ཕྲུ་གུ་སྲུང་ནས་བསྡད་དེ། 
           འཁོར་བདག་ལོག་ཡོང་བར་སྒུག

           དེ་ནས་སྒུག་པའི་སྐབས་སུ།
           ཆར་པ་ཆུང་ཆུང་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར་བ་དང་།
           བྱིས་པ་ཆར་གྱིས་མི་བརླན་ཆེད།
           ཁྲེན་ཀྲེ་ཡིས་རང་ཉིད་ཀྱི་དཔུང་པས་རླངས་འཁོར་གྱི་སྒེའུ་ཁུང་བཀག
           ཁོང་གིས་བྱིས་པ་ཆར་གྱིས་བརླན་ན།
           ཆམ་པ་ཕོག་སྲིད་ཅེས་བརྗོད།
           དེ་ལྟར་ཁྲིན་ཀྲེ་ལམ་འགྲམ་དུ་ལངས་ཏེ།
           བྱིས་པར་ཆར་བ་བཀག་ནས་བསྡད་ཅིང་།
           ཕལ་ཆེར་སྐར་མ་བཞི་ཙམ་འགོར་རྗེས།
           བྱིས་པའི་ཕ་མ་གཉིས་ད་གཟོད་གཞི་ནས་ཕྱིར་སླེབས་སོང་། 
           སྐབས་དེར་ཁྲེན་ཀྲེའི་ལུས་ཡོངས་ཆར་གྱིས་བརླན་ཟིན་པ་དང་།
           ཁོ་སེམས་བདེ་བར་གྱུར་ནས་ལམ་ལ་ཆས་པ་རེད།

           ཁྲེན་ཀྲེ་ཡི་བྱ་སྤྱོད་དེ་ལ།
           བྱིས་པའི་ཁྱིམ་བདག་གིས།
           ཐུགས་རྗེ་ཆེ་ཞུས་ཡོད།
           གནས་ཚུལ་དེ་སྤྲོ་སེམས་ཅན་གྱི་གྲོང་མི་ཞིག་གིས་བརྙན་ཕབ་ནས་དྲ་ཐོག་ཏུ་སྤེལ་ཟིན་པས།
           ཀུན་གྱི་དོ་སྣང་བྱུང་།
           ཁོང་གིས།
           དེ་ནི་ལས་སླ་མོ་ཞིག་ཡིན་པ་དང་།
           མི་དམངས་ཉེན་རྟོག་པ་སུ་ཞིག་ཡིན་ཡང་དེ་ལྟར་བསྒྲུབ་རྒྱུ་རེད་ཟེར།

           པྲ་ཚགས་ཆེ་བའི་བུ་མོ་ཆུང་ཆུང་ཞིག་རླངས་འཁོར་གྱི་འཚང་ཁའི་ཁྲོད་བརྒྱུགས་པས། འགྲིམ་འགྲུལ་ཉེན་རྟོག་པ་ཞིག་བྱ་འཕུར་བ་ལྟར་རྒྱུག་ནས་ཉེན་ཁ་ལས་བསྐྱབས།
           ཟླ་7ཚེས་2ཉིན། ཧོ་ནན་གྱི་ལུའུ་ཧོ་ཆུ་བོའི་འགྲམ་དུ།
           རྒན་མོ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ཁྲིད་ནས།
           ལམ་མདོ་རུ་གློག་དམར་ལ་སྒུག་པའི་སྐབས།
           བསམ་ཡུལ་ལས་འདས་པ་ཞིག་ལ།
           བུ་མོ་ཆུང་ཆུང་དེ་རྒན་མོས་མཉམ་བཞག་མེད་པའི་སྐབས་དང་བསྟུན་ནས།
           མགྱོགས་མྱུར་གཞུང་ལམ་དཀྱིལ་དུ་བརྒྱུགས་པས།
           གནས་ཚུལ་ཧ་ཅང་ཉེན་ཁ་ཆེ།

           སྐབས་དེར་ལས་སྟེགས་སུ་རླངས་འཁོར་ལ་བཀོད་འདོམས་བྱེད་བཞིན་ཡོད་པའི།
           འགྲིམ་འགྲུལ་ཉེན་རྟོག་པ་ཝང་ཁྲེང་དབྱང་གིས་མཐོང་བས།
           མགྱོགས་མྱུར་ངང་བུ་མོ་ཆུང་ཆུང་དེའི་ཕྱོགས་སུ་རྒྱུག་པ་དང་།
           བུ་མོ་ཆུང་ཆུང་དེའི་མདུན་བཀག
           ཤར་བགྲོད་བྱེད་བཞིན་པའི་རླངས་འཁོར་གྱིས་བྲེལ་འཚུབ་ངང་འཁོར་བཀག་བརྒྱབ་པས། 
           ད་གཟོད་ཉེན་ཁ་ལས་གཡོལ་ཐུབ་བྱུང་།

           ཝང་ཁྲེང་དབྱང་གིས་ངོ་སྤྲོད་བྱས་པར་གཞིགས་ན།
           བུ་མོ་ཆུང་ཆུང་དེ་གཞུང་ལམ་དཀྱིལ་དུ་བརྒྱུགས་པ་དང་།
           ཏག་ཏག་སྐབས་དེར་SUVརླངས་འཁོར་ནག་པོ་ཞིག་ཀྱང་རྒྱུག་ཡོང་བཞིན་ཡོད་པ་དང་།
           རླངས་འཁོར་ཧ་ཅང་ཆེ་བས་བུ་མོ་མཐོང་མི་ཐུབ་པ་རེད།

           ཁོང་གིས་མཐོང་རྗེས། མྱུར་དུ་ལས་སྟེགས་ནས་མར་བབས་ཏེ།
           མྱུར་དུ་རླངས་འཁོར་གྱི་མདུན་ནས་བཀག་པས།
           བུ་མོ་ཆུང་ཆུང་དེ་ཉེན་ཁའི་མདུན་ནས་བསྐྱབས།
           ཁོས་ཀྱང་བྱིས་པའི་ཁྱིམ་བདག་ལ་ངག་ཐོག་ནས་སློབ་གསོ་བཏང་།

           ཡང་བསྐྱར་དྲན་སྐུལ་ཞུ་རྒྱུར།
           ཁྱིམ་བདག་ཚོས་ཕྲུ་གུ་འཁྲིད་ནས་ཕྱི་ལ་འགྲོ་དུས།
           ངེས་པར་དུ་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་བྱ་དགོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1