སེར་ཤུལ་རྫོང་གིས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-10




    ཉེ་ཆར། སེར་ཤུལ་རྫོང་སྒྲོག་འགྲེལ་ཚོགས་པས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཉེ་ཆར་གྱི་ཆེད་དོན་བྱ་སྤྱོད་ཁག་གཉིས། ལོ་ན་མ་སོན་པའི་བུ་ཕྲུག་གསོ་སྐྱོང་སྐོར་སོགས་སྒྲོག་འགྲེལ་གྱི་ལས་ཀ་ཡུལ་ཤོག་དང་གྲོང་རྡལ23ལ་ཁྱབ་དུ་བཅུག་པ་རེད། 
     རྫོང་སྒྲོག་འགྲེལ་པ་སོ་སོས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་སྐབས་སུ་བབས་པའི་སྒྲོག་འགྲེལ་གྱི་ནང་དོན་དག་རྫ་ཆུ་ཁའི་གནས་བབས་དང་འབྲེལ་ནས་གོ་བདེ་ཞིང་དམངས་འཚོའི་ཁེ་ཕན་ལ་ཕན་པའི་བསམ་བློའི་འདུ་ཤེས་ཐད་ཀྱི་སྒྲོག་འགྲེལ་ཕུན་སུམ་ཚོགས་པ་བྱས་ཡོད་པ་རེད། སྒྲོག་འགྲེལ་དུ་ཞུགས་པའི་མང་ཚོགས་ཀྱི་སྒྲིག་ལམ་བརྩི་སྲུང་ཧ་ཅང་ལེགས་ཤིང་། མང་ཚོགས་ཀྱིས་གོང་རིམ་གྱི་སྲིད་ཇུས་བཟང་པོ་འདི་དག་ང་ཚོའི་དཀའ་ཁག་སེལ་བའི་དཔུང་དང་གཉེན་དུ་གྱུར་འདུག་ཅེས་དགའ་མགུ་ཡི་རངས་བྱས་ཤིང་། ཁོ་ཚོས་བཤད་རྒྱུར། རང་ཡུལ་གྱི་ཁ་སྐད་ཀྱི་སྒོ་ནས་གོང་རིམ་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱས་པ་དེ་ནི་ཞིང་འབྲོག་མང་ཚོགས་ཀྱི་གོང་རིམ་སྲིད་ཇུས་ཀྱི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་འབྱུང་བར་ཕན་པ་རྒྱ་ཆེན་ཐོབ་འདུག་ཅེས་དགའ་བ་དང་ཡི་རང་གི་སྒོ་ནས་བཤད།
     སྒྲོག་འགྲེལ་བྱེད་ཐེངས་རེ་རེར་ཞིང་འབྲོག་གི་མི་སེར་ཚོས་ཧ་ཅང་ནན་ཏན་ངང་སྒྲོག་འགྲེལ་གྱི་ནང་དོན་རེ་རེར་ཉན་པའི་སྣང་ཚུལ་ཆེས་ལེགས་ཤིང་མི་སེར་ཚོའི་སེམས་སུ་སྲིད་ཇུས་བཟང་པོའི་ཤེས་བྱ་རེ་རེ་རྟོགས་སུ་འཇུག་པ་ནི་ཐེངས་འདིའི་སྒྲོག་འགྲེལ་གྱི་གྲུབ་འབྲས་ཆེས་བཟང་བ་དེར་གྱུར་པ་རེད།
     ཐེངས་འདིའི་སྒྲོག་འགྲེལ་ཐེངས་གྲངས23དང་སློབ་གསོ་ཐེབས་པའི་འབོར་སྡོམ་མི་གྲངས་ཁྲི3ཙམ་ལ་ཁྱབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1