སྐོར་སྐྱོད་ཞབས་ཞུའི་རླངས་འཁོར། དམངས་ལ་ཕན་པའི་ཕོ་ཉ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-10


        ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་ཞིང་གསུམ་དངུལ་རྩའི་དབུལ་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབ་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད། ཉེ་དུས་མཚོ་སྨད་རྫོང་ཞིང་ལས་དངུལ་ཁང་གིས་གོང་རིམ་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། རྫོང་ཞིང་ལས་དངུལ་ཁང་གི་སྒྲིག་ཨུད་ཨུ་ཡོན། འགོ་འཛིན་གཞོན་པ་རྟ་མགྲིན་གྱིས་དམིགས་སུ་སྣེ་འཁྲིད་ཀྱིས་“སྐོར་བསྐྱོད་དངུལ་རྩའི་ཞབས་ཞུའི་རླངས་འཁོར་”བེད་སྤྱད་དེ་སྒོ་བསྡུས་ཤང་ཁོང་གཏོགས་ཀྱི་གྲོང་ཚོ་ཁག་ལ་དེང་རབས་ཅན་གྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་འདུག

        ཤེས་རྟོགས་བྱས་པར་གཞིགས་ན། སྒོ་བསྡུས་ཤང་ནི་མཚོ་སྨད་རྫོང་དང་ལྷུན་རྩེ་རྫོང་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་ཅིང་ཁྱོན་བསྡོམས་ཐེམ་གྲངས་༤༢༨དང་མི་གྲངས་༡༤༥༡ཙམ་ཡོད་པ་རེད། ཡུལ་དེ་གའི་མང་ཚོགས་རྣམས་དངུལ་རྩའི་ལས་སྒོ་གཉེར་དགོས་ཚེ་ངེས་པར་དུ་ལམ་ཚད་སྤྱི་ལེ་༥༠ཙམ་ཡོད་པའི་གྲི་གུ་གྲོང་རྡལ་ལས་གཉེར་ཁང་ལ་བསྐྱོད་དགོས་པས་དངུལ་རྩའི་ལས་སྒོ་བསྒྲུབ་པར་དཀའ་ངལ་མི་ཉུང་བ་འཕྲད་ཀྱི་ཡོད། དེར་བརྟེན་དོན་ངོ་མའི་ཐོག་ནས་ཡུལ་དེ་གའི་མང་ཚོགས་ཀྱི་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་དཀའ་ངལ་དངོས་སེལ་ཆེད་མཚོ་སྨད་རྫོང་ཞིང་ལས་དངུལ་ཁང་གིས་ཐབས་བརྒྱ་ཇུས་སྟོང་ངང་“སྐོར་སྐྱོད་དངུལ་རྩའི་ཞབས་ཞུའི་རླངས་འཁོར”བེད་སྤྱད་དེ་སྒོ་བསྡུས་ཤང་དུ་དེང་རབས་ཅན་གྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་པ་རེད། ད་ཐེངས་སྐོར་སྐྱོད་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་པ་ལས་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་དངུལ་སྨར་བཅོལ་ལེན་དང་རྩིས་སྒྱུར། འདྲི་རྩད། རྒྱུ་ནོར་བདག་གཉེར། རྩིས་ཁྲ་གྲངས་བཤེར། སྤྱི་ཚོགས་འགན་བཅོལ་གྰ་ཤོག་སྤྱོད་སྒོ་ཕྱེ་བ་སོགས་ཁྱོན་བསྡོམས་ལས་གྲངས་༡༤༩ཙམ་གཉེར་ཡོད།

        སྔོན་མ་བཞིན་དངུལ་རྩའི་ལས་སྒོ་གཉེར་བར་ངེས་པར་དུ་གྲི་གུ་གྲོང་རྡལ་ལས་གཉེར་ཁང་གི་ཕྱོགས་སུ་འགྲོ་མི་དགོས་པར་རང་ཁྱིམ་གྱི་སྒོ་རྩ་ནས་སྟབས་བདེའི་ངང་དེང་རབས་ཅན་གྱི་དངུལ་རྩའི་ཞབས་ཞུ་ཐ་དག་བསྒྲུབས་ཐུབ་པ་འདིས། སྔ་ཕྱི་བར་གསུམ་དུ་ཏང་དང་ཞིང་ལས་དངུལ་ཁང་གི་དམིགས་བསལ་དངུལ་རྩའི་སྲིད་ཇུས་རབ་དང་རིམ་པ་ཁག་གཞི་རིམ་དུ་བདེ་བླག་ངང་ལག་བསྟར་དོན་འཁྱོལ་བྱུང་བར་མང་ཚོགས་ཚོའི་སེམས་ལ་དགའ་བ་དཔག་མེད་ཚོར་ཡོད་ལ། དེ་ལྟ་བུའི་ཞིང་གསུམ་དངུལ་རྩའི་སྐོར་སྐྱོད་ཞབས་ཞུར་ཤང་མི་དམངས་སྲིད་གཞུང་དང་ཡུལ་དེ་གའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚང་མའི་དགའ་བསུ་ཆེན་པོ་ཐོབ་པས། ཁོང་རྣམ་པའི་དགའ་མགུ་ཡི་རང་གི་མཛུམ་མདངས་ལས་འདི་ལོ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་ཐུབ་པ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ལ་ཁ་ཕྱོགས་པའི་སེམས་ཤུགས་ཆེས་ཆེར་མངོན་བཞིན་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1