༄༅།།རང་གི་བྱིས་པར་སློབ་གསོ་གཏང་ཆེད་གཞན་གྱི་བྱིས་པར་གཅར་ན་འགྲིག་གམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། སྤེལ་དུས། 07-10




          བུ་ཕྲུག་ལ་སློབ་གསོ་གཏོང་རྒྱུ་ནི་ཁྱིམ་བདག་གི་འོས་འགན་ཡིན། ཕ་མར་བྱིས་པའི་སྤྱི་ཚོགས་འབྲེལ་འདྲིས་བྱ་ཡུལ་དང་གྲོགས་ཚོམས་ལ་ཁྲིད་སྟོན་དང་དོ་དམ་བྱེད་པའི་འགན་འཁྲི་ཡོད། འོན་ཀྱང་མི་གཞན་གྱི་བྱིས་པར་གཅར་ནས་རང་ཉིད་ཀྱི་བྱིས་པར“སློབ་གསོ”བཏང་སྟེ། གྲོགས་ཚོམས་ཀྱི་འབྲེལ་འདྲིས་ཡག་པོར་གཏང་བ་དམིགས་ཡུལ་དུ་འཛིན་པ་ནི་གནས་ལུགས་དང་མི་མཐུན་ལ་ཁྲིམས་དང་འགལ་བ་ཞིག་རེད།
          ཟླ6པའི་ཚེས14ཉིན། ཞུས་ཆེ་གེ་མོས་རང་གི་བུ་ཞུས་ཆེ་གེ་མོ་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་སྤྱི་བདེ་ཅུས་ཀའོ་ཏེན་མངག་གཏོང་ཁང་དུ་ཡོང་ནས། ཟླ6པའི་ཚེས12ཉིན། ངའི་བུ་ལ་སློབ་གྲོགས་ཝང་ཆེ་གེ་མོའི་ཨ་ཕས་གཅར་ཏེ་སོ་ཞིག་བཅག་འདུག་ཟེར། ཉེན་བརྡ་འབྱོར་རྗེས། ཀའོ་ཏེན་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གནས་ཚུལ་གྱི་ཚབས་ཆེའི་རང་བཞིན་ལ་ངོས་འཛིན་བྱས་ཤིང་། གནོད་འཚེ་ཕོག་མཁན་ལ་འདྲི་རྩད་ཞིབ་ཕྲ་དང་རྨས་ཚུལ་ལ་ཞིབ་བཤེར་བྱས་པ་དང་སྦྲགས། གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས་ཏེ་འཕྲལ་མར་ཁྲིམས་འགལ་དོགས་ཡོད་ཉེས་ཅན་ཞེས་ཆེ་གེ་མོ་མངག་གཏོང་ཁང་ལ་འབོད་འགུག་བྱས་ནས་བརྟག་དཔྱད་དང་ལེན་བྱེད་དུ་བཅུག
          བརྟག་དཔྱད་བྱས་པ་བརྒྱུད། ཝང་ཆེ་གེ་མོ་དང་ཞུས་ཆེ་གེ་མོ། ཞིན་ཆེ་གེ་མོ་བཅས་ནི་སློབ་གྲོགས་ཡིན། ཟླ6པའི་ཚེས12ཉིན་གྱི་ཕྱི་དྲོར། ཁོ་གསུམ་པོ་མཉམ་དུ་གྲམ་ཐང་དུ་རྩེད་མོ་རྩེས་པ་རེད། ཆུ་ཚོད21དང་སྐར་མ33ཙམ་ལ། ཞུས་ཆེ་གེ་མོ་དང་ཞིན་ཆེ་གེ་མོ་གཉིས་ཀྱིས་ཝང་ཆེ་གེ་མོ་ཁྱིམ་དུ་བསྐྱལ་བ་དང་། ཁོ་གཉིས་ཀའོ་ཏེན་འཕྲོད་བསྟེན་ཁང་འགྲམ་གྱི་སྲང་ལམ་བརྒྱུད་སྐབས། ཞེས་ཆེ་གེ་མོ་ཡུག་ལ་འཕྲད་བྱུང་། ཁོས་ཞུས་ཆེ་གེ་མོ་ནི་བྱིས་པ་བཟང་བོ་ཞིག་མིན་པར་སྙམ་ནས། ཞུས་ཆེ་གེ་མོ་དང་རང་གི་བུ་ཝང་ཆེ་གེ་མོ་གཉིས་འབྲེལ་འདྲིས་བྱས་པར་ཡི་མ་རང་བར། ཞུས་ཆེ་གེ་མོར་སློབ་གསོ་གཏང་ཆེད། ཁུ་ཚུར་དང་སོ་ཕག ས་ལོག་སོགས་སྤྱད་ནས་གཅར་རྡུང་བྱས་ཏེ་མདུན་སོ་གཅིག་བཅག་པ་རེད།
          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། གྲོ་ཚང་ཆུས་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཞེས་ཆེ་གེ་མོར་ཉིན9ཡི་སྲིད་འཛིན་བཀག་ཉར་དང་སྒོར300ཡི་དངུལ་ཆད་བཅད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1