ནེ་པ་ལས་ཇོ་མོ་གླང་མའི་ལྷོ་ལྡེབས་ཀྱི་སྒར་ས་ཆེ་མོར་ཆེས་མྱུར་སྐུད་མེད་དྲ་ཞུགས་ཞབས་འདེགས་ཞུ་རྩིས་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13



    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ནེ་པ་ལའི་གློག་འཕྲིན་སྡེ་ཚན་གྱི་དཔོན་རིགས་ཀྱིས་ནེ་པ་ལས་ས་བབ་མཐོ་ཚད་སྨི་5400ཙམ་གྱི་ཇོ་མོ་གླང་མའི་ལྷོ་ལྡེབས་ཀྱི་སྒར་ས་ཆེ་མོར་ཆེས་མྱུར་སྐུད་མེད་དྲ་ཞུགས་ཞབས་འདེགས་ཞུ་་རྩིས་ཡོད་པ་དང་འབྲེལ་ཡོད་ལས་དོན་སྤེལ་འགོ་ཚུགས་ཟིན་པ་རེད་ཅེས་བརྗོད་ཡོད།
   ཚེས་6ཉིན་ནེ་པ་ལ་གློག་འཕྲིན་ཅུས་ཀྱི་ཅུས་ཀྲང་མིང·ཕུའུ་ལ་སའེ་ཏེ·ཨ་ལི་ཡར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རྣམ་གྲངས་དེར་སྔོན་དཔག་བྱས་ན་ཟླ་བ་བརྒྱད་འགོར་བཟོ་ཡོད་པ་དང་ཁྱོན་མ་དངུལ་ཨ་སྒོར་ཁྲི་6000ཙམ་གཏོང་རྩིས་ཡོད། མ་དངུལ་དེ་དག་སྲིད་གཞུང་གི་གྲོང་གསེབ་འཕྲིན་གཏོང་འཕེལ་རྒྱས་ཐེབས་རྩ་ནས་འདོན་རྒྱུ་རེད། ཇོ་མོ་གླང་མའི་ལྷོ་ལྡེབས་ཀྱི་ན་མོ་ཆེ་ནས་སྒར་ས་ཆེ་མོའི་རྒྱ་ཆེའི་ས་ཁུལ་བར་གྱི་ས་གནས་དེ་གའི་གྲོང་མི་དང་རི་འཛེག་མཁན་ཚང་མར་ཕན་པ་འཐོབ་སྲིད་ཅེས་བརྗོད་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1