བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གིས་ལས་གནས་གསོ་སྦྱོང་གི་ཚབ་ཏུ་ཞིང་འབྲོག་པའི་ངལ་ནུས་ཕྱིར་གཏོང་གི་ཆུ་ཚད་མཐོ་རུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-14



          སྤོ་སྒྱུར་ལས་ཞུགས་བྱས་པ་བརྒྱུད་འབབ་འཕར་ཡོང་བ་བྱ་རྒྱུ་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་མགྱོགས་ཤོས་དང་། ཕན་འབྲས་ཆེ་ཤོས་ཀྱི་བྱ་ཐབས་གྲས་ཤིག་རེད། ད་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཞིང་འབྲོག་པ་རྣམས་སྤོ་སྒྱུར་ལས་ཞུགས་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་དང་།  དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིབ་ཚགས་དང་ཏན་ཏིག་ངང་དམ་འཛིན་བྱས་པ་དང་། མིག་སྔར། མལ་གྲོ་གུང་དཀར་རྫོང་དུ་ཞིང་འབྲོག་མང་ཚོགས་5360སྤོ་སྒྱུར་ལས་ཞུགས་བྱས་པར་ཡོང་འབབ་སྒོར་ཁྲི་7136.47བྱུང་ཡོད།  
          གཞུང་ལམ་ཅིག་བརྒལ་རྗེས།  མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་ཆང་ཁྲུང་ཚོ་ཆུང་གི་གྲོང་མི་ཚོ་མལ་གྲོ་གུང་དཀར་རྫོང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་དྲོད་ཁང་ཆེ་མོའི་ནང་ལས་ཀ་བྱེད་པར་བསྐྱོད་བཞིན་ཡོད།  ཁོང་ཚོས་དེའི་ནང་མྱུ་གུ་འཐོག་པ་དང་། ཤིང་རྟ་འཁོར་ལོའི་ནང་ལྡུག་པ། དྲ་བཅོས་རྒྱག་པ་བཅས་བྱས་ཏེ་ཆུ་ཚོད་བདུན་གྱི་རིང་ལས་ཀ་བྱས་ན་ཡོང་འབབ་སྒོར་120ཡོད་པ་མ་ཟད། ལག་རྩལ་མི་སྣའི་མཛུབ་ཁྲིད་འོག  ལྗང་མྱུག་འདེབས་འཛུགས་ཀྱི་ལག་རྩལ་ལའང་སློབ་སྦྱོང་བྱས་ཆོག

          མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོའི་གྲོང་མི་གཡང་འཛོམས་ཀྱིས་སྡོང་ཕྲུག་དང་མེ་ཏོག་རྟེན་གཞིར་ལས་ཀ་བྱེད་བཞིན་པ།
          ས་གནས་དེ་གའི་ཐོན་ལས་གོང་འཕེལ་དང་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་དང་བསྟུན་ནས། མལ་གྲོ་གུང་དཀར་རྫོང་ཞིང་འབྲོག་ལས་ས་གཙང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། མལ་གྲོ་གུང་དཀར་རྫོང་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སི། ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི། དེ་བཞིན་བོད་ལྗོངས་སྣག་གཙང་ཁོར་ཡུག་འཕྲོད་བསྟེན་བཅས་མལ་གྲོ་གུང་དཀར་རྫོང་གི་སྤོ་སྒྱུར་ལས་ཞུགས་རྟེན་གཞིར་གྱུར་པས།  ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་རྣམས་ཕ་ཡུལ་དང་ཁ་མི་འབྲལ་བ་དང་ས་ཆ་དང་བྲལ་མི་དགོས་པར་ལས་ཞུགས་ཐུབ་ཀྱིན་ཡོད། 
          ལྷ་སར་ལས་ཞུགས་ཐུབ་པའི་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་པར་ས་གནས་དེ་གས་ཀྱང་ལས་ཞུགས་མི་སྣའི་སྡོད་ཁང་གི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་བཞིན་ཡོད། 2017ལོ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་གིས་དུས་འགོའི་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་140བཏང་བའི་རྨང་གཞིའི་ཐོག་ལོ་ལྟར་མ་དངུལ་སྒོར་ཁྲི་74བཏང་ཞིང་། ལྷ་སར་ལས་ཞུགས་བྱེད་པར་སྐྱོད་མཁན་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ། སློབ་ཆེན་སློབ་ཐོན་སློབ་མར་རིན་མེད་ངང་སྡོད་ཁང་མཁོ་འདོན་བྱས་ནས།  ལྷ་སར་ལས་ཞུགས་ཐུབ་པའི་དུད་ཚང་དབུལ་པོ་དང་སློབ་ཆེན་སློབ་ཐོན་སློབ་མ་ཚང་མར་བློ་བདེ་པོའི་ངང་ལས་ཀ་བྱེད་དུ་བཅུག་ཡོད་ཅིང་།  མིག་སྔའི་བར།  མལ་གྲོ་གུང་དཀར་རྫོང་གི་མང་ཚོགས་མི་ཐེངས་220ཡིས་རིན་མེད་སྡོད་ཁང་ལོངས་སྤྱོད་བྱེད་མྱོང་བ་དང་མིག་སྔར་མི་61ཁང་པའི་ནང་བསྡད་ཡོད། 
          སྡོད་ཁང་ཐག་གཅོད་དང་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པའི་དུས་མཚུངས་སུ།  མལ་གྲོ་གུང་དཀར་རྫོང་གིས་“ས་གནས་དེ་གའི་ལས་མི་བཀོལ་སྤྱོད་དང་ཨར་སྐྲུན་རྩལ་ནུས་ཆེ་རུ་གཏོང་རྒྱུ་”དེ་ཞིང་འབྲོག་པའི་གླ་ཕོགས་ཡོང་འབབ་འཕར་སྣོན་ཡོང་བའི་མངོན་མེད་སྟོབས་ཤུགས་དང་།  འདེགས་སྐྱོར་བྱ་ཡུལ་དུ་བརྩི་རྒྱུ་མཐའ་མཁྱོངས་བྱས་ནས་གསོ་སྦྱོང་དེ་ལས་ཀ་བྱེད་སར་གཉེར་ཞིང་། གསོ་སྦྱོང་དེ་རྣམ་གྲངས་ས་ཚུགས་སུ་བསྐྱལ་ནས་ལས་གནས་ཀྱིས་གསོ་སྦྱོང་གི་ཚབ་བྱེད་པ་དང་ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ་ཤུགས་ཆེན་པོས་སྤེལ་ནས། རྩ་འཛུགས་ཅན་དང་སྤོ་སྒྱུར་ལས་ཞུགས་བྱ་རྒྱུ་དེ་ཡོང་འབབ་འཕར་སྣོན་གྱི་གཙོ་གནད་དུ་བཟུང་སྟེ་ཞིང་འབྲོག་པའི་ངལ་ནུས་ཕྱིར་གཏོང་གི་ཆུ་ཚད་མཐོ་རུ་བཏང་བས། མིག་སྔར་ཞིང་འབྲོག་མང་ཚོགས་100ལྷག་ཙམ་གྱིས་མལ་གྲོ་གུང་དཀར་རྫོང་ཞིང་འབྲོག་ལས་ས་གཙང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མལ་གྲོ་གུང་དཀར་རྫོང་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིར་ལས་ཀ་བྱེད་ཞོར་དུ་སློབ་སྦྱོང་བྱས་ནས་རྩལ་ནུས་ཆེ་རུ་གཏོང་བཞིན་ཡོད། 
          རྗེས་ཕྱོགས་མལ་གྲོ་གུང་དཀར་རྫོང་གིས་ད་དུང་“ས་གནས་དེ་གའི་ལས་མི་བཀོལ་སྤྱོད་དང་བཟོ་སྐྲུན་རྩལ་ནུས་མཐོ་རུ་གཏོང་རྒྱུ་”དེ་ཞིང་འབྲོག་པའི་གླ་ཕོགས་ཡོང་འབབ་འཕར་སྣོན་ཡོང་བའི་མངོན་མེད་སྟོབས་ཤུགས་དང་།  འདེགས་སྐྱོར་བྱ་ཡུལ་དུ་བརྩིས་ནས་གསོ་སྦྱོང་དེ་ལས་ཀ་བྱེད་སར་གཉེར་ཞིང་། གསོ་སྦྱོང་དེ་རྣམ་གྲངས་ས་ཚིགས་སུ་བསྐྱལ་ནས་ལས་གནས་ཀྱིས་གསོ་སྦྱོང་གི་ཚབ་བྱེད་པ་དང་།  ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི་ལས་དོན་ཤུགས་ཆེན་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་ངལ་ནུས་ནང་འདྲེན་གྱི་ཆུ་ཚད་མཐོ་རུ་བཏང་བ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1