རྒྱལ་ཁབ་ཆུ་འགོག་གནོད་སེལ་སྤྱིའི་བཀོད་འདོམས་པུའུ་ཡིས་པུའུ་རིམ་པའི་བྱ་བའི་ཚན་ཁག་དྲུག་མངགས་ཏེ་ཆུ་འགོག་གནོད་སེལ་བྱ་བར་མཛུབ་སྟོན་དང་ཞིབ་བཤེར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-15


        ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་འཕྲལ་སྒྲུབ་དོ་དམ་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། དེང་སྐབས་ཛ་དྲག་ཆེ་བའི་ཆུ་འགོག་གནོད་སེལ་གནས་བབ་ལ་དམིགས་ཏེ། རྒྱལ་ཁབ་ཆུ་འགོག་གནོད་སེལ་སྤྱིའི་བཀོད་འདོམས་པུའུ་ཡིས་པུའུ་རིམ་པའི་བྱ་བའི་ཚན་ཁག་དྲུག་མངགས་ཏེ།  སྤྱི་བདེ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། འཕྲལ་སྒྲུབ་དོ་དམ་པུའུ། ཀྲུང་གོ་གནམ་གཤིས་ཅུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་འགོ་ཁྲིད་དེ་ཅང་ཞི་དང་ཨན་ཧོས། ཧུའུ་ནན། ཧུའུ་པེ། ཅང་སུའུ། ཀྲེ་ཅང་། ཁྲུང་ཆིན་སོགས་ས་ཁུལ་གཙོ་བོ་བདུན་ལ་སོང་ནས་ཆུ་འགོག་གནོས་སེལ་བྱ་བར་མཛུབ་སྟོན་དང་ཞིབ་བཤེར་བྱེད་རྒྱུ་ཐག་བཅད།
        དེ་ལས་གཞན། ནོར་སྲིད་པུའུ་དང་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་ཅང་ཞི་དང་ཨན་ཧོས། ཧུའུ་པེ། ཧུའུ་ནན། ཁྲུང་ཆིན་བཅས་ཞིང་ཆེན་དང་གྲོང་ཁྱེར་ལྔ་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་དྲུག་བྱིན། རྒྱལ་ཁབ་ཆུ་འགོག་གནོད་སེལ་གཞུང་སྒྲུབ་ཁང་དང་འཕྲལ་སྒྲུབ་དོ་དམ་པུའུ། རྒྱལ་ཁབ་འབྲུ་རིགས་དངོས་རྫས་གསོག་འཇོག་ཅུའུ་བཅས་ཀྱིས་


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1