གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༥ཉིན།

༄༅།།སློབ་གྲྭ་རྫན་མ་འདི་དག་གི་གཡོ་འོག་ཏུ་ཚུད་མི་རུང་།


          བྱང་ཕྱོགས་གསོ་རིག་སློབ་གྲྭ་ཆེན་མོ། 
          ཀྲུང་གོའི་སྦྲག་ཏར་སློབ་གྲྭ་ཆེན་མོ།
          ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་སློབ་གླིང་།
          .........

          འདི་དག་མིང་བརྗིད་ཉམས་ཅན་རེ་ཡིན་ཡང་།
          དོན་དུ་སློབ་གྲྭ་རྫུན་མ་འབའ་ཞིག་ཡིན།
          ཉེ་ལམ།
          @ཀྲུང་གོའི་ཉེན་རྟོག་དྲ་ལམ། ཞེས་པས་དྲན་སྐུལ་ཞུས་དོན། 
          མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་སྐབས། 
          ཚང་མས་ངེས་པར་དུ་རྣམ་རིག་སྒྲིམ་དགོས་པ་ལས། 
          སློབ་ཆེན་དེ་དག་གི་གཡོ་འོག་ལ་ཚུད་མི་རུང་། 
          བརྙན་ཐུང་མནན་ནས་ཉེན་རྟོག་པའི་དྲན་སྐུལ་ལ་ཉོན་དང་། 
          ཉིད་ལ་སློབ་གྲྭ་གང་དག་རྫུན་མ་ཡིན་པ་གསལ་བཤད་བྱས་ཡོད།

           1 སློབ་གྲྭ་རྫུན་མ་ཞེས་པ་ཅི་ཞིག་ཡིན་ནམ་ཞེ་ན།
           སྒེར་གྱི་ཁེ་ཕན་གཉེར་བ་དམིགས་ཡུལ་དུ་བཟུང་སྟེ།
           སློབ་ཆེན་སྐད་གྲགས་ཅན་དང་མིང་ཆ་འདྲ་བ་རེ་བཏགས་ཡོད་པས།
           སློབ་མ་ཚོ་གཡོ་འོག་ཏུ་ཚུད་ཉེན་ཆེ།
           འདི་དག་གིས་སློབ་ཆེན་རྫུན་མ་དང་
           སློབ་གཉེར་བརྒྱུད་རིམ་རྫུན་མ་སྤྱད་ནས་མགོ་སྐོར་གཏོང་བཞིན་ཡོད། 

           སློབ་གྲྭ་རྫུན་མ་ཇི་ལྟར་ངེས་འཛིན་དགོས་སམ་ཞེ་ན།
           སློབ་གྲྭ་རྫུན་མ་ཡིན་མིན་བརྟག་ཐབས་གསུམ་ཡོད་དེ། 
           གཅིག་ནས་དྲ་ཚིག་གི་ཁོངས་མིང་ལ་བརྟག་ཆོག 
           མཐོ་སློབ་ཚད་ལྡན་ཞིག་ཡིན་ཚེ།
           དྲ་ཚིགས་ཁོངས་མིང་གི་མཇུག་ཨང .edu.cnཡིན། 
           གཉིས་ནས་སློབ་ཆེན་གྱི་དྲ་ཚིགས་ལ་བརྟག་ཆོག 
           སློབ་གྲྭ་རྫུན་མའི་སློབ་གྲྭའི་གསར་འགྱུར་དང་སྤྱི་བསྒྲགས་སོགས། 
           སྤྱིར་བཏང་དུ་དུས་རྒྱུན་གསར་བརྗེ་མི་བྱེད། 
           གསུམ་ནས་སློབ་གསོ་པུས་ཁྱབ་བསྒྲགས་བྱས་པའི་མཐོ་སློབ་མིང་ཐོར་བསྡུར་ཆོག 
           ཆོག་མཆན་ཡོད་པའི་སློབ་གྲྭའི་མིང་ཐོ་དང་བསྡུར་ན་གསལ་པོར་ཤེས་ཐུབ། 
           3 གཞུང་ཕྱོགས་ཀྱི་མིང་ཐོ་འདི་ཉར་རོགས།
           ཟླ7ཚེས9ཉིན། 
           སློབ་གསོ་པུས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་མཐོ་སློབ་ཁག་གི་མིང་ཐོ། 
           མིང་ཐོ་འདིས་རྒྱ་ཆེའི་སློབ་མ་ཚོས་རེ་འདུན་སྐོང་སྐབས།
           དབང་གྲགས་ལྡན་པའི་གཞུང་ཕྱོགས་ཀྱི་མིང་ཐོ་འདིར་ཟུར་ལྟ་བྱས་ཆོག
           འདི་གཞིར་བཟུང་ན་སློབ་གྲྭ་རྫུན་མའི་གཡོ་འོག་ཏུ་མི་ཚུད་པ་ཡིན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1