སི་ཁྲོན་ནུབ་རྒྱུད་ཀྱི་མཛེས་པའི་གནའ་གྲོང་ཆུ་མཆིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 07-17



   ཆུ་མཆིག་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་ཝུན་ཁྲོན་རྫོང་གི་ལྷོ་རྒྱུད་ཀྱི་རྨིན་ཅང་གཙང་པོའི་ཡན་ལག་ཧྲོའུ་ཞིས་གཙང་པོའི་ངོགས་སུ་གནས་ཡོད། ཧྲང་རྒྱལ་རབས་ཀྱི་སྐབས་སུ་“ཚེ་ཐག་རིང་སའི་ཡུལ་”ཞེས་པའི་མཚན་སྙན་ཡོད། སྐབས་དེར་བགྲེས་སོང་གྲོང་ཚོ་ཞེས་ཀྱང་འབོད། ད་ལྟའི་དུས་ལ་ཆུ་མཆིག་ཅེས་འབོད། ཡུལ་འདི་ནི་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱི་མཉམ་འདྲེས་ཁུལ་ཡིན། ཝུན་ཁྲོན་ས་འགུལ་གྱི་གནོད་འཚེ་བྱུང་རྗེས་གྲོང་རྡལ་ཡོངས་བསྐྱར་བསྐྲུན་བྱས་ཏེ་ནང་སའི་ཡུལ་སྲོལ་གོམས་གཤིས་དང་བོད་རིགས་དང་ཆའང་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་བྱས་ཡོད།
    སི་ཁྲོན་ནུབ་རྒྱུད་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དང་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་མཉམ་དུ་བཞད་ཅིང་། རི་མཐོའི་གྲོག་རོང་དང་མཛེས་སྡུག་ལྡན་པའི་མཚེའུ། དུས་བཞིར་འགྱུར་བ་མེད་པའི་སྔོ་ལྗང་གི་རི་བོ། གནའ་བོའི་ཁྲོམ་གཞུང་། ཁྱད་མཚར་བའི་ཡུལ་སྲོལ་རིག་གནས་བཅས་གང་སར་ཁྱབ་པས་“སྣག་ཚའི་རི་མོ”ཞིག་དང་གཉིས་སུ་མ་མཆིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1