བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་ཞེས་པ་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-17


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་བཞི་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆེས་ངོ་བོའི་ཁྱད་ཆོས་ཡིན་ཞེས་པ་བཀོད།
        རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་ཁྱད་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ལ། ཏང་གི་ཆེས་མཐོ་བའི་ཆབ་སྲིད་འགོ་ཁྲིད་སྟོབས་ཤུགས་ཀྱང་ཡིན། ཏང་སྲིད་དམག་དམངས་སློབ་མ་དང་ཤར་ལྷོ་ནུབ་བྱང་དབུས་ཕྱོགས་ཡོད་ཚད་ལ་ཏང་གིས་འགོ་ཁྲིད་དགོས།ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་གཞི་རྩ་ཡིན་པ་དང་སྲོག་ཤིང་གི་གཞི་རྩ་ཡིན་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་གྱི་གཞི་རྩ་དང་བདེ་སྐྱིད་ཀྱི་གཞི་རྩ་ཡང་ཡིན། ཀྲུང་གོར་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་ཡོད་པ་ནི་ཀྲུང་གོ་དང་ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་ཀྱི་དོན་ཆེན་ཞིག་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེས་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་ཚད་མཐོ་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་སྲུང་འཛིན་བྱེད་པར་འགྱུར་བ་ཅི་ཡང་མེད།
        རྩོམ་ཡིག་ནང་བསྟན་དོན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་སྐབས། ཐོག་མར་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་བསྡུས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། དེ་ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོ་བའི་རྩ་དོན་ཡིན་པས། དུས་གང་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་སླ་བཅོས་བྱེད་མི་རུང་བ་དང་འགྱུར་མི་སྲིད། ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། ཕྱིར་ལྟའི་འདུ་ཤེས་ཅིས་ཀྱང་ཇེ་དྲག་ཏུ་བཏང་སྟེ། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་བསྡུས་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ་དང་། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས།
        རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་དོན་དག་བཟང་བོར་བསྒྲུབ་དགོས་ལ་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་གི་དོན་དག་བཟང་བོར་བསྒྲུབ་དགོས། མདུན་སྐྱོད་བགྲོད་ལམ་སྟེང་གི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་དེ་ལས་རྣམ་པར་རྒྱལ་བའི་གནད་འགག་ནི་ཏང་ཡིན། ང་ཚོས་སེམས་ཤུགས་གཅིག་སྒྲིལ་སྒོས་ཏང་གི་འཛུགས་སྐྲུན་དམ་འཛིན་བྱས་ནས། ང་ཚོའི་ཏང་སྔར་ལས་འཐུས་ཚང་དང་སྔར་ལས་སྟོབས་ལྡན། སྔར་ལས་འཐབ་འཛིང་གི་ནུས་ཤུགས་ལྡན་པར་བྱེད་དགོས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1