རྫོགས་ཆེན་གྲོང་བརྡལ་དུ་མཆིན་ནད་བརྟག་བཤེར་དང་སྔོན་འགོག་གི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-17



        2020 སྤྱི་ཟླ་7 པའི་ཚེས་4ནས་བཟུང་ཉིན་བདུན་གྱི་རིང་ལ་སྡེ་དགེ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་སྡེ་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། སྡེ་དགེ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་ཀྱི་རྒྱབ་སྐྱོར་འོག རྫོགས་ཆེན་གྲོང་རྡལ་འཕྲོད་བསྟེན་ཁང་ནས་རྫོགས་ཆེན་གྲོང་རྡལ་གྱི་ལོ་ཚོད་རན་པའི་མི་དམངས་ཆིག་ཁྲི་ལྷག་ལ་རིན་མེད་སྒོས་མཆིན་ནད་ལྡེམ་བུ་བརྟག་བཤེར་དང་མཆིན་ནད་འགོག་སྨན་བརྒྱབ་པར་མ་ཟད། ཉེ་འབྲེལ་གྱི་སྡེ་དགེ་ཨ་ཕྱུག་དང་རྫ་ཁོག མཛེས་པ། ལམ་མདོ། དུང་མདའ། ཡ་དིང་། ཡིད་ལྷུང་། གླིང་ཚང་། རྫ་ཆུ་ཁ། ཇོ་བོ། སྟག་དགོན་སོགས་ནས་ཡོང་བའི་རོང་འབྲོག་མང་ཚོགས་ལ་རིན་མེད་ཀྱིས་མཆིན་ནད་བརྟག་བཤེར་དང་འགོག་སྨན་རྒྱག་པའི་དམངས་ཕན་བྱེད་སྒོ་སྤེལ།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1