རྒྱལ་ཁབ་མང་པོ་ཞིག་ལམ་ལོག་ཏུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-20



འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པར་ང་ཚོ་ཕྱིར་ལོག་མི་ཐུབ་ཅེས་བཤད།



        ས་གནས་དེ་གའི་དུས་ཚོད་ཀྱི་ཟླ7ཚེས13ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གློ་ཚད་སྐོར་གྱི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས། རྒྱལ་ཁབ་མང་པོ་ཞིག་ལམ་ལོག་ལ་སྐྱོད་བཞིན་འདུག ཏོག་གསར་གློ་ཚད་སྔར་བཞིན་ང་ཚོའི་ཐུན་མོང་གི་དགྲ་བོ་གཙོ་བོ་ཡིན་མོད། སྲིད་གཞུང་དང་མང་ཚོགས་ཧ་ཅང་མང་པོ་ཞིག་ལ་ངེས་ཟིན་ཡང་དག་བྱུང་མི་འདུག་ཅེས་བཤད།
        ཐན་ཏེ་སེ་ཡིས་བསྟན་དོན། ཏོག་གསར་གློ་ཚད་ཚོད་འཛིན་བྱེད་པར་གཤམ་གྱི་འདི་གསུམ་བསྒྲུབ་དགོས་ཏེ། ཐོག་མར་ཚེ་ལས་འདས་ཚད་ཇེ་ཉུང་དུ་གཏོང་བ་དང་ནད་དུག་འགོ་ལམ་འགོག་དགོས། དེ་ནས་སྡེ་ཁུལ་རིམ་པར་ཕན་ཚུན་ལ་སྲུང་སྐྱོང་བྱེད་པའི་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་ལག་བསྟར་བྱེད་དགོས། མཇུག་མཐར་དབང་དྲག་ལྡན་པའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཁ་གཏད་འཇལ་བའི་བྱེད་ཐབས་ལ་འགོ་ཁྲིད་དང་མཐུན་སྦྱོར་བྱེད་དགོས།
        ཐན་ཏེ་སའེ་ཡིས། མ་འོངས་པའི་དུས་ཡུན་ངེས་ཅན་ཞིག་རིང་རྒྱུན་ལྡན་གྱི་རྣམ་པ་སླར་གསོ་བྱེད་མི་སྲིད་ན་ཡང་། རྒྱལ་ཁབ་སོ་སོའི་རིམས་ནད་གནས་ཚུལ་ཅི་འདྲ་ཡིན་ཡང་འཕྲལ་ཐག་ཆོད་པོའི་བྱ་སྤྱོད་སྤེལ་རྒྱུ་སྔར་བཞིན་གལ་ཆེ། རིམས་ནད་ལ་ཁ་གཏད་གཅོག་པར་བྱེད་ཐབས་དམིགས་བསལ་བ་ཅི་ཡང་མེད་ཅེས་ནན་བཤད་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1