གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༢༡ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས《འཛམ་གླིང་གི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ》སྐོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ།


     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་རོ་མ་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་མཉམ་དུ་རྩོམ་འབྲི་བྱས་པའི《འཛམ་གླིང་གི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ》སྐོར་གྱི་སྙན་ཞུ་གསར་ཤོས་ཚེས་13ཉིན་རོ་མ་རུ་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་སྔོན་དཔག་བྱས་པ་ལྟར་ན། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་དཔལ་འབྱོར་ཉམས་རྒུད་རྐྱེན་གྱིས་2020ལོར་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་ཉུང་མཐར་ཡང་ཁྲི་8300ཙམ་འཕར་རྒྱུ་དང་ཐ་ན་དུང་ཕྱུར་1.32ཡང་འཕར་ཉེན་ཡོད།
     སྙན་ཞུའི་ནང་བསྟན་དོན། 2019ལོར་གོ་ལ་ཧྲིལ་པོར་མི་དུང་ཕྱུར་6.9ཙམ་བཀྲེས་ལྟོགས་ཀྱིས་མནར་བ་དེ་2018ལོ་དང་བསྡུར་ན་ཁྲི་1000འཕར་ཡོད། ལོ་ལྔའི་གོང་དང་བསྡུར་ན་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་ཁྲི་6000ཙམ་འཕར་ཞིང་། དེའི་ནང་བཀྲེས་ལྟོགས་ཀྱིས་མནར་བའི་མི་འབོར་མང་ཤོས་ཨེ་ཤེ་ཡ་ནས་ཡིན་པ་དང་། བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་འཕར་ཚད་མགྱོགས་ཤོས་ནི་ཨ་ཧྥེ་རི་ཁ་ཡིན། སྙན་ཞུའི་ནང་མངོན་དོན། རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འབྲུ་རིགས་མ་ལག་གི་ཉམས་ཞན་རང་བཞིན་མངོན་གསལ་དོད་དུ་སོང་བར་བརྟེན་ཕྱོགས་ཁག་གིས་མཉམ་དུ་དེར་ཁ་གཏད་གཅོག་དགོས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1