༄༅།།ཁྱེད་ཀྱིས་ཉིན་གཅིག་ལ་སྒོ་ང་ག་ཚོད་ཟ་དགོས་མིན་ཤེས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 07-21




           མི་མང་པོ་ཞིག་གིས་སྦི་རག་ནང་སྒོ་ང་བླུགས་ནས་བཏུངས་ཚེ་མཁལ་མར་ཕན་ཐོགས་ཡོད་ཅེས་བརྗོད་ཀྱི་ཡོད་མོད། ཡིན་ནའང་ཤོད་སྲོལ་འདིར་ཚན་རིག་གི་གཞི་འཛིན་ས་གང་ཡང་མེད་ལ། དེས་མ་ཚད། སྒོ་ང་རྗེན་པར་གཟུགས་པོར་གནོད་ལ་ནད་གཞི་སློང་བའི་རྒྱུ་མང་པོ་འདུས་ཡོད་པས། གཟུགས་པོར་གནོད་རྒྱུ་ནི་ཨ་ཅང་བརྗོད་མེད་རེད།

           ཉིན་གཅིག་ལ་སྒོ་ང་ག་ཚོད་ཟ་དགོས་སམ་ཞེ་ན། 
           གཅིག སྤྱིར་བཏང་བྱས་ན་མི་རེས་ཉིན་རེར་སྒོ་ང་རེ་ཟ་ཆོག་གི་ཡོད། ཡིན་ནའང་བྱིས་པ་དང་། སྦྲུམ་མ། ནད་པ་སོགས་ལ་སྤྲི་དཀར་མང་པོ་མཁོ་བས་ཉིན་རེར་སྒོ་ང་གཉིས་བཟས་ནའང་ཆོག
           གཉིས། འཚོ་བཅུད་ཀྱི་རིན་ཐང་ངོས་ནས་བརྗོད་ན། སྒོ་ངའི་དཀར་སྤྲིན་དང་སེར་རིལ་གྱི་འཚོ་བཅུད་མི་གཅིག་ཀྱང་། སེར་རིལ་གྱི་སྤྲི་དཀར་དེ་སྒོ་ངའི་དཀར་སྤྲིན་ལས་མང་བས། དུས་རྒྱུན་སྒོ་ངའི་སེར་རིལ་ཡིན་གཅིག་མཉམ་དུ་ཟ་དགོས་ཀྱི་ཡོད། ལྷག་པར་དུ་ཁྱེད་ཀྱི་གཟུགས་པོའི་བདེ་ཐང་ཆེད་སྒོ་ང་རྗེན་པ་གཏན་ནས་ཟ་མི་རུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1