ས་ཁོ་ཆི་སླར་ཡང་ཆབ་སྲིད་སྟེགས་བུར་བུད་དེ་ཐོག་མའི་རྒྱལ་ཁ་བླངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


               སྤྱི་ཟླ་11པའི་ཚེས་29ཉིན། ཧྥ་རན་སིའི་སྲིད་འཛིན་སྔོན་མ་ས་ཁོ་ཆི་ཡིས་རྒྱབ་སྐྱོར་བྱེད་ཚད་64.5%ལ་བརྟེན་ནས། ཁོང་སྲིད་དབང་དུ་ཞུགས་མེད་པའི་ཏང་ཤོག་གི་མི་དམངས་ལས་འགུལ་མནའ་འབྲེལ་ཀྲུའུ་ཞི་ལ་བདམས་ཐོན་བྱུང་། འདི་ལྟར་ཁོང་གིས་རྒྱབ་སྐྱོར་བྱེད་མཁན་མང་ཚོགས་ཀྱི་དགའ་བསུ་དང་ལེན་བྱེད་བཞིན་ཡོད།

                ད་ལོའི་སྤྱི་ཟླ་9པར་ཁོང་སླར་ཡང་ཆབ་སྲིད་ཀྱི་སྟེགས་བུར་བུད་པ་ཁྱབ་བསྒྲགས་བྱས་ཤིང་།  སྤྱི་ཟླ་11པའི་ཚེས་29ཉིན། ཧྥ་རན་སིའི་སྲིད་འཛིན་སྔོན་མ་ནེ་ཀུའུ་ལ་ས་ཁོ་ཆི་ཡིས་ཆབ་སྲིད་ཀྱི་སྟེགས་བུར་རྒྱལ་ཁ་ལོན་ཡོད། ཁོང་གིས་64.5%ཡི་རྒྱབ་སྐྱོར་བྱེད་ཚད་ལ་བསྟེན་ནས།  ཧྥ་རན་སིའི་གཡོན་ཕྱོགས་པའི་སྲིད་དབང་དུ་ཞུགས་མེད་པའི་ཏང་ཤོག་གི་མི་དམངས་ལས་འགུལ་མནའ་འབྲེལ་ཀྲུའུ་ཞི་ལ་བདམས་པ་རེད། ཧྥ་རན་སིའི་སྨྱན་སྦྱོར་གྱིས་བཤད་པ་ལྟར་ན། ས་ཁོ་ཆི་ཡིས་ཆབ་སྲིད་ཀྱི་མཆོང་ཟམ་གལ་ཆེན་འདི་བརྒྱུད་ནས། ཡང་བསྐྱར་སྲིད་འཛིན་ཕོ་བྲང་དུ་བཞུགས་སོང་ཟེར།

             ཐེངས་འདིའི་མི་དམངས་ལས་འགུལ་མནའ་འབྲེལ་ཀྲུའུ་ཞི་འདེམ་པའི་ཁྲོད་དུ། ས་ཁོ་ཆི་ཡིས་རང་ཉིད་ཀྱིས་སྐོར་དང་པོའི་ནང་རྒྱལ་ཁ་ལོན་ནས་ཀྲུའུ་ཞི་རུ་འདེམས་ཐུབ་པ་ཡིད་ལའང་ཤར་མེད།  སྔོན་ཆད་2004ལོར་ས་ཁོ་ཆི་མི་དམངས་ལས་འགུལ་མནའ་འབྲེལ་ཀྲུའུ་ཞི་རུ་འདེམས་ཡོད་ལ་ལོ་3གྱི་རྗེས་སུ་ཧྥ་རན་སིའི་སྲིད་འཛིན་དུ་འདེམས། འདེམ་ཤོག་ལ་རྒྱལ་ཁ་ཐོབ་རྗེས་ཁོང་གིས་དུས་ཐོག་ཏུ་སྨྱན་སྦྱོར་ལ། ཐེངས་འདིའི་འདེམ་བསྐོའི་ཁྲོད་དུ་ང་ལ་རྒྱལ་ཁ་ཐོབ་པ་ཡིས་ང་ཚོའི་སྲིད་ཏང་གིས་འགོ་གསར་པ་ཞིག་བརྩམས་པ་མཚོན་ཡོད་ལ། ང་ཚོས་ངེས་པར་ཏུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས། ནུས་ཤུགས་ཡོད་རྒུས་ཧྥ་རན་སིའི་འདུན་ལམ་གསར་པ་ཞིག་འཚོལ་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1