གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༢༢ཉིན།

༄༅།།ལུག་གི་གསོ་ཚགས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བའི་ཐབས་མཆོག་འགའ།


 གཅིག  ལུག་རྒྱུད་ལེགས་བསྒྱུར་བྱེད་པ། 
        སྤྱིར་བཏང་དུ་རང་ས་གནས་ཀྱི་ལུག་གི་སྐྱེ་འཕེལ་དལ་ཞིང་གཟུགས་གཞི་ཆུང་བ།  ཤའི་ཐོན་ཚད་དམའ་བ།  དཔལ་འབྱོར་གྱི་ཕན་འབྲས་མི་མཐོ་བ་བཅས་ཡིན།  གལ་ཏེ་རང་ས་གནས་ཀྱི་མ་མོ་དང་པའོ་ཨར་ལུག་གཉིས་སྡེབ་སྦྱོར་བྱས་ན།  ལུ་གུའི་ལྗིད་ཚད་འཕར་སླ་ཞིང་གཟུགས་གཞི་ཇེ་ཆེ་དང་ཤའི་ཐོན་ཚད་ཇེ་མཐོ་བཅས་སུ་གཏོང་ཐུབ། 
 གཉིས།  དུས་བཅད་ལྟར་རིམས་འགོག་འབུ་འདེད་བྱེད་པ།
        འབྲོག་ཁུལ་དུ་ལུག་ལ་འགོག་སྨན་རྒྱག་པ་དང་སྨན་བླུད་ནས་ཁོག་འབུ་འདེད་པ་སོགས་བྱེད་པ་ཤིན་ཏུ་ཉུང་། ལུག་གི་རིམས་འགོག་འབུ་འདེད་ཀྱི་བྱ་བར་མཐོང་ཆེན་མ་བྱས་སྟབས། ལུག་གི་བདེ་ཐང་ལ་གནོད་པའི་ནད་རིགས་གང་མང་འབྱུང་བ་དང་། ལུག་གི་འཕེལ་ཁ་དལ་བ་སོགས་སྣང་། ལུག་གསོ་ཚགས་བྱེད་ན། རིམས་འགོག་འབུ་འདེད་ཀྱི་བྱ་བར་མཐོང་ཆེན་བྱས་ནས་དཔྱིད་ཀ་དང་སྟོན་ཁ་གཉིས་ལ་འགོག་སྨན་རྒྱག་པ་དང་། ཁོག་འབུ་འདེད་པའི་སྨན་བླུད་ནས་ལུག་གི་བདེ་ཐང་ལ་བདག་སྐྱོང་བཟང་པོ་སོགས་བྱེད་དགོས།
 གསུམ།  དུག་སེལ་བྱ་བ་ལེགས་པར་སྒྲུབ་པ།
        དུག་སེལ་བྱེད་པ་འདི་ཤིན་ཏུ་གལ་ཆེ་བའི་ལས་ཤིག་ཡིན། རྟག་པར་དུག་སེལ་བྱས་ན། རིམས་ནད་ལ་ཚོད་འཛིན་དང་སྔོན་འགོག་བྱེད་ཐུབ། ཡིན་ནའང་། འབྲོག་ཁུལ་དུ་དུག་སེལ་བྱ་བ་འདི་ལ་མཐོང་ཆེན་བྱེད་པ་ཤིན་ཏུ་ཉུང་། ལུག་གསོ་བ་ཡིན་ན། ལུག་ར་དང་གཟན་གཞོང་། བཙོག་ཆུ། བལ་དང་པགས་པ་སོགས་ལ་དུག་སེལ་ནན་མོ་བྱེད་དགོས་པར་མ་ཟད། ད་དུང་ལུག་ལ་དུག་བརྒྱ་འཇོམས(百毒杀)དང་ཞིན་ཅེ་ཨར་མིའེ(新洁尔灭)སོགས་ཀྱི་སྨན་ཁབ་བརྒྱབ་ནས་དུག་སེལ་བྱེད་དགོས།
 བཞི།  གཟན་ཆས་ཀྱི་སྦྱོར་རྟ་འོས་འཚམ་ལྡུད་པ།
        འབྲོག་ཁུལ་དུ་ལུག་འཚོ་སྐྱོང་བྱེད་པ་ལ། རྩྭ་ས་གང་བཟང་ལ་སྙེགས་པ་ལས་གཟན་ཆས་ཀྱི་སྦྱོར་རྟ་སོགས་ལྡུད་པ་ཤིན་ཏུ་ཉུང་། ལུག་གི་གསོ་ཚགས་འདི་རྩྭ་ཁོ་ནར་བརྟེན་པ་ཡིན་ན། ལུག་གི་སྐྱེ་འཕེལ་དང་ཤ་ཤེད་རྒྱས་ཚད་སོགས་ཧ་ཅང་དལ་བ་ཡིན། དེར་བརྟེན། ཚན་རིག་དང་མཐུན་པའི་སྒོ་ནས་གཟན་ཆས་ཀྱི་སྦྱོར་རྟ་འོས་འཚམ་རེ་བླུད་ན། ལུག་གི་སྐྱེ་འཕེལ་དང་ཤ་ཤེད་རྒྱས་ཚད་ལ་ཕན་པ་ཆེན་པོ་ཡོད།
 ལྔ།  ལུག་གི་འཕེལ་ཁ་དང་བསྡུར་ནས་ཁྲོམ་རར་འཚོང་བ།

        ལོ་རེའི་ལུག་གི་འཕེལ་ཁ་དང་བསྡུར་ནས་ལུག་གྲངས་འོས་འཚམ་རེ་ཁྲོམ་རར་བཙོངས་པ་སྟེ། ལུ་གུ་ཟླ་བ4 ཙམ་འགོར་རྗེས། ལྗིད་ཚད་རྒྱ་མ40ཙམ་ལ་ཐོན་དུས། ཁྲོམ་རར་བཙོངས་ཆོག དེ་ལྟར་བྱས་ན། གཅིག་ནས་ལུག་གི་གཟན་ཆས་ལ་ཁག་ཐེག་བྱེད་ཐུབ། གཉིས་ནས་རང་ཁྱིམ་གྱི་ཡོང་འབབ་ལ་ཁག་ཐེག་བྱེད་ཐུབ། གསུམ་ནས་གློ་བུར་གྱི་གནོད་འཚེ་བྱུང་ན་གོད་ཆག་ཉུང་དུ་གཏང་ཐུབ། གཞན་ད་དུང་ལུག་གི་གསོ་ཚགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་ཡང་ཕན་པ་ཆེ།

(འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ལས་དྲངས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1