རྟ་ཐང་གི་འབྲི་གཡག་བོད་ལྗོངས་སུ་གསོ་ཚགས་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-24


        ཟླ་7པའི་ཚེས་20ཉིན། ལས་བྱེད་མི་སྣས་མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བའི་རླངས་འཁོར་ལ་དུག་སེལ་བྱེད་བཞིན་པ།
        ཉིན་དེར། རྟ་ཐང་འབྲི་གཡག་བོད་ལྗོངས་སུ་སྐྱོད་པའི་སྐྱེལ་འདྲེན་འགོ་ཚུགས་ཀྱི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བར་སྤེལ་བ་རེད། ས་གནས་དེ་གའི་འབྲི་གཡག་ཐོན་སྐྱེད་ཀྱི་ནུས་གཤིས་དང་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དང་། ལྷ་ས་གྲོང་ཁྱེར་འབྲི་གཡག་གསོ་ཚགས་ཀྱི་གཞི་རྒྱ་ཅན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་རྟ་ཐང་འབྲི་གཡག་གསོ་ཚགས་ར་བ་ནས་སྤུས་ལེགས་ཅན་གྱི་འབྲི་གཡག་མགོ་གྲངས་580ལྷག་ཉོས་འདུག རྒྱུས་ལོན་བྱུང་བ་ལྟར་ན། རྟ་ཐང་འབྲི་གཡག་ནི་མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བ་དང་ཀྲུང་གོའི་ཞིང་ལས་ཚན་རིག་ཁང་གིས་མཉམ་གཅིག་ཏུ་གསོ་སྐྱོང་ལེགས་གྲུབ་བྱུང་བའི་འབྲི་གཡག་རིགས་གསར་པ་ཞིག་ཡིན་ཞིང་། དེར་སྐྱེ་འཕེལ་མཐོ་བ་དང་། ལུས་ལྗིད་པ། ནད་འགོག་པ་སོགས་ཀྱི་ཁྱད་ཆོས་ལྡན། ལོ་མང་རིང་། རྟ་ཐང་འབྲི་གཡག་གསོ་ཚགས་ར་བས་རིམ་རྩིས་བྱས་ན་མཚོ་སྔོན་ཞིང་ཆེན་དུ་རྟ་ཐང་འབྲི་གཡག་མགོ་གྲངས་ཁྲི་གསུམ་ལ་ཉེ་བ་དར་སྤེལ་བྱས་པར་མ་ཟད། ཤིན་ཅང་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ་སོགས་ཀྱི་འབྲི་གཡག་ཐོན་ཁུལ་དུ་སྤེལ་ཡོད་པ་རེད།

        འདི་ནི་མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བས་གསོ་སྐྱོང་བྱས་པའི་སྤུས་ལེགས་ཀྱི་འབྲི་གཡག་རེད།

        ཟླ7པའི་ཚེས20ཉིན།མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བའི་ལས་བྱེད་མི་སྣས་འབྲི་གཡག་ར་བ་ནས་ཕྱིར་མ་དེད་གོང་མགོ་གྲངས་རྩིས་ལེན་བྱེད་པའི་རྣམ་པ་རེད།

ཟླ7པའི་ཚེས20ཉིན། འབྲི་གཡག་རྣམས་རླངས་འཁོར་ལ་བཅུག་རྗེས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་སྐྱེལ་འདྲེན་བྱ་བར་གྲ་སྒྲིག་བྱེད་པའི་རྣམ་པ་རེད།

ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བ་ནས་འབྲི་གཡག་ཕྱིར་ཐོན་པའི་རྣམ་པ་རེད།

ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བའི་ནང་དུ། འབྲི་གཡག་ཕྱིར་མ་དེད་སྔོན་རྩིས་ལེན་བྱེད་པའི་རྣམ་པ་རེད།

ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བའི་ནང་དུ་འབྲི་གཡག་ཕྱིར་མ་དེད་སྔོན་རྩིས་ལེན་བྱེད་པའི་རྣམ་པ་རེད།

ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བའི་ནང་དུ། ལས་བྱེད་མི་སྣས་འབྲི་གཡག་རྣ་རྩའི་ཆ་འཕྲིན་ལ་ཞིབ་བཤེར་གཏན་འབེབས་བྱེད་པའི་རྣམ་པ་རེད།

ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བའི་ནང་དུ་ལས་བྱེད་མི་སྣས་འབྲི་གཡག་ར་བ་ལས་ཕྱིར་འདེད་པའི་རྣམ་པ་རེད།

ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བའི་ནང་དུ་ལས་བྱེད་མི་སྣས་ཕྱིར་སྐྱོད་གྲ་སྒྲིག་བྱེད་པའི་རྣམ་པ་རེད།

ཟླ7པའི་ཚེས20ཉིན།  མཚོ་སྔོན་ཞིང་ཆེན་རྟ་ཐང་འབྲི་གཡག་གསོ་ཚགས་ར་བ་ནས་འབྲི་གཡག་ཕྱིར་འདེད་པའི་རྣམ་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1