ལུའོ་སའེ་ཐ་རྟགས་ཅན་གྱིས་67P སྐར་མ་དུ་བ་མཇུག་རིང་གི་ཚོན་ལྡན་པར་རིས་ཐོག་མ་དེ་བླངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-03


              སྤྱི་ཟླ་12པའི་ཚེས་2ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》གྱི་དྲ་རྒྱ་ནས་གནས་ཚུལ་འབྱོར་གསལ། ལུའོ་སའེ་ཐ་རྟགས་ཅན་གྱི་སྐར་མ་དུ་བ་མཇུག་རིང་གི་འཚོལ་ཞིབ་ཆས་ལ་ཞིབ་འཇུག་གནང་བཞིན་པའི་ཚན་རིག་པ་ཡིས། 67P སྐར་མ་དུ་བ་མཇུག་རིང་གི་ཆེས་ཐོག་མའི་ཚོན་ལྡན་འདྲ་པར་སྤྱི་བསྒྲགས་བྱས། མི་རྣམས་ཧ་ལས་དགོས་པ་ཞིག་ནི། འདྲ་པར་གྱི་ཐོག་ནས་མཐོང་བའི་སྐར་མ་དུ་བ་མཇུག་རིང་གི་ཁ་དོག་ནི་མ་གཞི་ཅུང་དམར་ནག་ཅིག་ཡིན་པ་ལས། ཡོ་རོབ་དབྱིངས་བསྐྱོད་ཅུས་ཀྱིས་བསམ་བཞིན་པའི་ཐལ་ནག་གི་མདོག་ནི་མིན་ནོ། མིག་སྔའི་བར། མི་རྣམས་ཀྱིས་མཐོང་བཞིན་པའི་སྐར་མ་དུ་བ་མཇུག་རིང་གི་འདྲ་པར་མང་ཆེ་བ་ནི་ལུའོ་སའེ་ཐའི་ཕྱོགས་སྟོན་པར་ཆས་ཀྱིས་པར་བླངས་པ་ཡིན་པས། ཐལ་མདོག་གི་པར་རིས་ལས་གཞན་མེད་མོད། འོན་ཀྱང་། ཉེ་ཆར་བླངས་པའི་འདྲ་པར་དེས་ང་ཚོར་67P སྐར་མ་དུ་བ་མཇུག་རིང་གི་ཁ་དོག་ངོ་མ་དེ་བསྟན་སོང་།

              སྤྱི་ཟླ་12པའི་ཚེས་25ཉིན། སན་ཧྥུ་རན་སེ་སི་ཁོ་ནས་འཚོགས་པའི་ཨ་རིའི་སའི་གོ་ལའི་དངོས་ལུགས་མནའ་འབྲེལ་ཚོགས་ཆེན་ཐོག་ཏུ་འདྲ་པར་འདི་དངོས་སུ་འགྲེམ་སྟོན་བྱས་ཡོད། འདྲ་པར་འདི་ནི་ཨོ་ཞི་མའོ་སི་དཔྱད་ཆས་ཀྱིས་བླངས་པ་ཡིན་ལ། དཔྱད་ཆས་འདིར་དམིགས་བསལ་གྱི་མ་ལག་དང་ལྡན་ཞིང་ཚན་རིག་པ་རྣམས་ཀྱིས་བརྟག་དཔྱད་ཞིབ་འཇུག་ཡུན་རིང་བྱས་རྗེས། ད་གཟོད་ང་ཚོས་སྐར་མ་དུ་བ་མཇུག་རིང་གི་ཚོན་ལྡན་འདྲ་པར་འདི་མཐོང་ཐུབ་སོང་བ་རེད།

 

འདི་ནི་ཡོ་རོབ་དབྱིངས་བསྐྱོད་ཅུས་ཀྱི་གཞུང་ཕྱོགས་ནས་སྤྱི་བསྒྲགས་བྱས་པའི་འདྲ་པར་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1