གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༢༧ཉིན།

༄༅།།ཟས་རིགས་འདི་དག་ལ་སེམས་ཁམས་སྙོམ་སྒྲིག་བྱེད་པའི་ནུས་པ་ལྡན།


        མངར་ཟས་ཀྱིས་དུས་ཡུན་ཐུང་ངུའི་ནང་སེམས་ཁམས་སྙོམ་སྒྲིག་བྱེད་ཐུབ་མོད།འོན་ཀྱང་མངར་ཟས་ཀྱིས་ཁྲག་ཧྭགས་གློ་བུར་ཇེ་མཐོ་དང་གློ་བུར་ཇེ་དམའ་རུ་གཏོང་བས།སེམས་ཁམས་བརྟན་འཇགས་ཡོང་བར་མི་ཕན་པ་རེད།
གཤམ་གྱི་ཟས་རིགས་འདི་དག་གི་ནང་དུ་འཚོ་བཅུད་དངོས་རྫས་མང་པོ་འདུས་པས།སེམས་ཁམས་སྙོམ་སྒྲིག་བྱེད་པའི་ཕན་ནུས་ལྡན།
  ཡུག་པོ། ཡུག་པོའི་ནང་དུ་འཚོ་བཅུདB6མང་པོ་འདུས་པས་སེམས་འཚབ་པ་དང་ཡི་མུག་པའི་སེམས་ཁམས་གསོ་ཐུབ་པར་མ་ཟད།མདོག་ཨེམ་སྐྱུར(色氨酸)དེ་འཚོ་བཅུད་ཡན་སོན(烟酸)དུ་བསྒྱུར་རོགས་བྱེད་ཐུབ།ཡན་སོན་ལ་ངལ་དུབ་སེལ་བ་དང་སེམས་ཁམས་སྙོམ་སྒྲིག་བྱེད་པའི་ཕན་ནུས་ལྡན།ཡུག་པོ་དང་འོ་མ་གཉིས་མཉམ་དུ་ཟོས་ན་ངལ་དུབ་སེལ་བ་དང་གནོན་ཤུགས་འཇོམས་པའི་ནུས་པ་ལྷག་ཏུ་བཟང་ངོ་། །
  འབྲས་རྩིང་། འབྲས་རྩིང་གི་འཚོ་བཅུད་འདུས་ཚད་འབྲས་དཀར་ལས་མཐོ་བ་རེད།འབྲས་རྩིང་གི་ནང་དུ་འཚོ་བཅུད་ཡན་སོན་དང་འཚོ་བཅུད་ཧྥན་སོན(泛酸)མང་པོ་འདུས་པས།སེམས་ཁམས་མི་བདེ་བ་དང་ཡི་མུག་པ་འཇོམས་ཐུབ།འབྲས་རྩིང་དང་ཡུག་པོའི་ནང་དུ་ཅཱ་གྱེས་རྡུལ་གྱི་འདུས་ཚད་མཐོ་བས།མཁལ་ནད་ཅན་གྱིས་ཉུང་བཟའ་བྱེད་དགོས།
  འོ་མ། འོ་མའི་ནང་དུ་འཚོ་བཅུདB12མང་པོ་འདུས་ཤིང་།ལུས་སྟེང་གི་འཚོ་བཅུདB12ཇེ་ཉུང་དུ་སོང་ན།སེམས་ཁམས་མི་བདེ་བའི་སྣང་ཚུལ་འབྱུང་བ་རེད།མཉམ་འཇོག་བྱེད་དགོས་པ་ཞིག་ནི་འོ་མ་བསྐོལ་ནས་འཐུང་སྐབས་བསྐོལ་ཡུན་རིང་མི་རུང་།བསྐོལ་ཡུན་རིང་ན་འཚོ་བཅུདB12ཤོར་འགྲོ་བ་རེད།
  སྟར་ཀ སྟར་ཀའི་ནང་དུ་ཡན་སོན་དང་ཧྥན་སོན་མང་པོ་འདུས་པས།ཁྲག་རྩའི་ཕྲ་ཕུང་སྔར་ལས་མཉེན་པོར་གཏོང་བ་དང་།དབང་རྩའི་བརྒྱུད་འདྲེན་ཐད་ཕན་ནུས་ཆེན་པོ་ལྡན་པར་མ་ཟད།ཁྲག་དྭངས་རྒྱུ(血清素)ཟགས་ཐོན་བྱེད་པར་ཡང་ཕན།ཁྲག་དྭངས་རྒྱུ་ནི་དབང་རྩའི་བརྒྱུད་འདྲེས་དངོས་པོ་ཞིག་ཡིན་པས།དེ་ཇེ་དམའ་རུ་སོང་ན་ཡི་མུག་པ་དང་སེམས་ཁམས་མི་བདེ་བའི་སྣང་ཚུལ་འབྱུང་སྲིད་མོད།ཡིན་ནའང་བཟའ་ཐེངས་གཅིག་ལ་མང་པོ་བཟའ་མི་རུང་།
བ་དམ། བ་དམ་གྱི་ནང་དུ་འཚོ་བཅུདB6དང་ཧྥན་སོན་དང་ཡན་སོན་སོགས་འདུས།སྟར་ཀ་དང་མཚུངས་པར་བ་དམ་གྱི་ནང་དུའང་བདེ་ཐང་ལ་ཕན་པའི་ཚིལ་སྣ་མང་པོ་འདུས་པར་མ་ཟད།འཚོ་བཅུདB6འདུས་ཚད་དེ་བས་ཀྱང་མཐོ།བ་དམ་གྱི་དྲོད་ཚད་ཅུང་མཐོ་བས་དེའང་བཟའ་ཐེངས་གཅིག་གིས་མང་པོ་བཟའ་མི་རུང་།
ཁ་ཧྥེ། ཁ་ཧྥེའི་ནང་དུ་ཡན་སོན་མང་པོ་འདུས་པས།སེམས་ཁམས་སྙོམ་སྒྲིག་བྱེད་པར་ཕན་མོད།འོན་ཀྱང་དེའི་ནང་དུ་འཚོ་བཅུདB6དང་འཚོ་བཅུདB12འགོག་པའི་གྲུབ་ཆ་ཞིག་ཀྱང་འདུས་པས།དེ་ལ་རྩོད་གཞི་ཅུང་ཆེའོ། །
  ཏོ་པ་ཨེན(多巴胺)ནི་དབང་རྩའི་བརྒྱུད་འདྲེན་དངོས་རྫས་ཤིག་ཡིན།ཁྱེད་རང་སྤྲོ་བའི་སྒོ་ནས་བྱ་བ་གང་ཞིག་ལ་འཇུག་པའི་སྐབས་སུ།ཀླད་པས་ཏོ་པ་ཨེན་མང་པོ་ཟགས་ཐོན་བྱེད་ཀྱིན་ཡོད་པས།མིའི་སེམས་ཁམས་ལའང་སྤྲོ་བས་ཁེངས་སྲིད།དེ་ལས་གཞན་ད་རུང་མིའི་ལུས་སྟེང་གི་ཁྲག་ཧྭགས་ཅུང་མཐོ་བའི་སྐབས་སུ།སེམས་ཁམས་སྙོམས་པོ་དང་སྐྱིད་པོ་ཡོང་བ་དང་།ཁྲག་ཧྭགས་དམའ་བའི་སྐབས་སུ།སེམས་འཚབ་པ་དང་ཁོང་ཁྲོ་ལངས་སླ་བ།སེམས་ཁམས་མི་སྐྱིད་པའི་གནས་ཚུལ་འབྱུང་བ་རེད།སིང་ཕྱེ་དང་ཧྭགས་རིགས་སོགས་ཀྱི་ཐཱན་ཆུ་འདྲེས་འགྱུར་རྫས་ཀྱིས་ལུས་སྟེང་གི་ཁྲག་ཧྭགས་མྱུར་དུ་ཇེ་མཐོར་བཏང་སྟེ།མིའི་སེམས་ཁམས་ཇེ་བདེར་གཏོང་ཐུབ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1