རྒྱུ་སྐར་ཉི་ཤུ་རྩ་བརྒྱད་གང་དག་ཡིན་།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-27


ཤར་དུ།

1.སྨིན་དྲུག་དྲུག་སྟེ་ཤིང་རྟའི་དབྱིབས། 2.སྣར་མ་ལྔ་སྟེ་ཤིང་རྟའི་འཕང་ལོ་འདྲ། 3.མགོ་ལ་གསུམ་སྟེ་རི་དྭགས་མགོ་བོ་འདྲ། 4.ལག་ལ་གཅིག་སྟེ་ཐིག་ལེ་ལྟ་བུ། 5.ནབས་སོ་གཉིས་ཏེ་རྐང་པ་འདྲ། 6.རྒྱལ་ལ་གསུམ་སྟེ་རིལ་བའི་དབྱིབས། 7.སྐག་ནི་གཅིག་ཡིན་ཐིག་ལེ་འདྲ(འདི་ལ་དྲུག་ཏུ་བརྩི།)

ལྷོ་རུ།

8. མཆུ་ལ་ལྔ་ཡོད་ཆུ་བོའི་མགུར། 9. གྲེ་ནི་གཉིས་ཡིན་རྐང་པ་འདྲ། 10. དབོ་ལ་གྲངས་གཉིས་ཁྲིའི་དབྱིབས། 11. མེ་བཞིའི་གྲངས་ལྔ་ལག་པ་འདྲ། 12. ནག་པ་གཅིག་ཉིད་ཡིན་པས་སྙིང་འདྲ་བ། 13. ས་རི་གཅིག་ཡིན་ཐིག་ལེ་འདྲ། 14.ས་ག་བཞི་སྟེ་རྭའི་རྟེན་གྱི་མགོ་འདྲ།

ནུབ་ཏུ།

15.ལྷ་མཚམས་བཞི་སྟེ་གླང་ཆེན་མགོ་དང་རྣ་བ་གཉིས།16. ན་ནི་གྲངས་གསུམ་ཐེམ་སྐས་འདྲ། 17.བས་ནི་གྲངས་དགུ་སྡིགས་པའི་གཟུགས། 18. ཆུ་སྨད་བཞི་སྟེ་གླང་ཆེན་འཕྱོང་བ་འདྲ། 20. གྲོ་བཞིན་གསུམ་སྟེ་རྔའི་དབྱིབས། 21.བྱིན་བཞིན་གསུམ་སྟེ་བ་ལང་མགོ་བོ་འདྲ།

བྱང་དུ།

22.མོན་གྲེ་ལ་བཞི་བྱ་ཡི་དབྱིབས།23.མོན་གྲུ་གཅིག་ཡིན་ཐིག་ལེ་འདྲ(བཞི་ཡོད་ཀྱང་ཟེར) 24. ཁྲུམས་སྟོད་གཉིས་ཡིན་རྟ་པ་འདྲ།25. ཁྲུམས་སྨད་གཉིས་ཡིན་རྐང་པའི་དབྱིབས། 26.ནམ་གྲུ་སོ་གཉིས་སྐར་མའི་ཚོགས།27.ཐ་སྐར་གསུམ་སྟེ་བྱ་མཆུ་འདྲ།28. བྲ་ཉེ་གསུམ་ནི་མོ་རྟགས་འདྲ། ། 

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1