རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། 07-28


        རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བདུན་ཉིན་པེ་ཅིང་ནས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རང་རྒྱལ་གྱི་ཆོས་ལུགས་འཇོན་མིའི་གསོ་སྐྱོང་ལ་ཤུགས་སྣོན་པའི་ཐད་ནས་བཞུགས་མོལ་དང་བརྗེ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཆོས་ལུགས་འཇོན་མིའི་གསོ་སྐྱོང་ནི་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་ཡིན་པ་དང་། གནས་བབ་གསར་བའི་འོག་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབས་པའི་གནད་འགག་གི་གནད་དོན་ཡིན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་ཐད་ནས་བློ་གཏོད་རུང་བ་དང་ཆོས་ལུགས་ཐད་ནས་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་ནས་ཀུན་གྱིས་གོང་བཀུར་བྱེད་པ། གནད་འགག་གི་སྐབས་སུ་ནུས་པ་གལ་ཆེན་ཐོན་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁ་ཕྱོགས་འབུར་དུ་ཐོན་པ་དང་གཅིག་གྱུར་བཀོད་འདོམ་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། ཧུར་ཐག་སྒོས་སྔར་ལས་ཚད་དང་ལྡན་པའི་རྒྱལ་གཅེས་ཀྱི་ཆོས་ལུགས་འཇོན་མི་མང་བོ་གསོ་སྐྱོང་བྱེད་པ་དང་། ཆོས་ལུགས་སོ་སོའི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་པོ་ཡོང་བར་སྣེ་ཁྲིད་བྱེད་པའི་ཐད་འཇོན་མིའི་རྒྱབ་བརྟེན་འདོན་སྤྲོད་བྱེད་དགོས་ཞེས་གསུངས། 
        སྲིད་གྲོས་ཨུ་ཡོན་དང་ཆོས་ལུགས་ལས་རིགས་ཀྱི་ན་གཞོན་འཐུས་མི་དང་ཆེད་མཁས་པ་བཅུ་གཅིག་གིས་བྱ་བའི་ཉམས་མྱོང་བརྗེ་རེས་བྱས་པ་དང་། བསམ་འཆར་དང་གྲོས་གཞི་བཏོན། ཚང་མས་བལྟས་ན། ཏང་དང་སྲིད་གཞུང་གིས་ཆོས་ལུགས་བྱ་བར་མཐོང་ཆེན་དང་ཆོས་ལུགས་འཇོན་མིའི་གསོ་སྐྱོང་ལ་མཐོང་ཆེན་བྱེད་བཞིན་ཡོད། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་པ་དང་འཇོན་མིའི་གསོ་སྐྱོང་དང་འབྲེལ་བའི་སྲིད་ཇུས་ཁྲིམས་སྲོལ་དག་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད། ཆོས་ལུགས་སློབ་གླིང་གི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ནས་དགེ་རྒན་དང་ལས་བཟོ་བའི་དཔུང་ཁག་ཇེ་ཆེར་གཏོང་དགོས། ཞོར་དུ་འཇོན་མི་གསོ་སྐྱོང་བྱེད་པའི་ལས་རིམ་རེ་འགའ་སྔར་བཞིན་ཅུང་ཞན་པ་ནི་ཆོས་ལུགས་བྱ་བའི་ཁྲོད་ཀྱི་མི་འདང་ས་ཡིན་པས་དེར་མཐོང་ཆེན་བྱེད་དགོས་པར་འདོད། 
        ཚང་མས་དུས་རབས་གསར་བའི་ཆོས་ལུགས་འཇོན་མིའི་གསོ་སྐྱོང་བྱ་བ་བཟང་བོར་སྒྲུབ་ཅིང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཡང་དག་པའི་ཆབ་སྲིད་བྱེད་ཕྱོགས་དམ་འཛིན་བྱེད་པ་དང་། བསམ་བློའི་ཆབ་སྲིད་སློབ་གསོ་དེ་འཇོན་མིའི་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣར་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་སྲ་བརྟན་དུ་ཆགས་པར་སྣེ་ཁྲིད་བྱས་ནས། རྒྱུན་ཆད་མེད་པར་ཁས་ལེན་ལྔ་ཇེ་དྲག་ཏུ་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཆོས་ལུགས་སློབ་གླིང་བཟང་བོར་བསྒྲུབ་དགོས། སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་འཇོན་མིའི་རིམ་པ་དང་གྲུབ་ཚུལ་ལེགས་བསྒྱུར་བྱེད་དགོས། འཇོན་མིའི་གསོ་སྐྱོང་ཐབས་ལ་རྒྱ་བསྐྱེད་དེ་མུ་མཐུད་དུ་རྒྱལ་དམངས་སློབ་གསོའི་ཐོན་ཁུངས་བེད་སྤྱད་ནས་ཆོས་ལུགས་འཇོན་མི་གསོ་སྐྱོང་བྱེད་པར་འཚོལ་ཞིབ་བྱེད་དགོས། དེ་མིན་ཆོས་ལུགས་མི་སྣས་ཕྱི་ཕྱོགས་བརྗེ་རེས་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1