གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཁྲིམས་ལུགས་ཚགས་པར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༢༨ཉིན།

༄༅།།གན་རྒྱ་ནུས་མེད་ཡིན་པའི་གནས་ཚུལ་རིགས་ལྔ་ནི་གང་དག་ཡིན།


ཉེར་གཅིག་དུས་ཀྱི་སྤྱི་ཚོགས་སུ།།
ཁང་པ་ཉོ་མཁན་གང་མང་རེད།།
གན་རྒྱ་འབྲི་དུས་ཉམས་རེ་ཞོག།
བྲིས་ནོར་བྱུང་ན་རང་སྡུག་ཡིན།།
          གྱོད་དཔེ།
          ཚེ་རིང་གི་ཕ་མ་གཉིས་ཀས་གཞིས་ཁུལ་ག་གེ་མོ་རུ་ཁང་པ་ཞིག་ཉོས་པ་དང་། ཁང་རིན་བསྡོམས་པས་སྒོར་ཁྲི150རེད། དེའི་ནང་སྒོར་ཁྲི50ཐོག་མར་སྤྲད་ཟིན་པ་དང་ལྷག་མའི་སྒོར་ཁྲི100དངུལ་བུན་གཏོང་བའི་ཐབས་ལམ་གཏན་འཁེལ་བྱས། འོན་ཀྱང་གན་རྒྱའི་སྟེང་དུ་ལྷག་མའི་སྒོར་ཁྲི100ཡི་ཁ་གྲངས་བྲིས་ནོར་བྱུང་སྟེ་སྒོར་ཁྲི10བྲིས་ཡོད།
          ཕྲན་དཔྱད།
          གན་རྒྱ་ནི་ཁྲིམས་འགལ་མིན་པ་དང་ཕྱོགས་གཉིས་ཀའི་བསམ་ཚུལ་ངོ་མ་མཚོན་པ་ཡིན་ན་ནུས་ལྡན་ཡིན་ལ། མ་དངུལ་སྒོར་ཁྲི100ལྷག་བྲིས་ནོར་བྱུང་ནས་སྒོར་ཁྲི10བྲིས་པ་དེར་མཚོན་ན། གལ་ཏེ་གན་རྒྱའི་དོན་ཚན་གཞན་དག་གི་ཐོག་ནས་བྲིས་ནོར་ཡིན་པ་ར་སྤྲོད་བྱེད་ཐུབ་ཚེ། གན་རྒྱའི་ནུས་པར་ཤུགས་རྐྱེན་མི་ཐེབས། འོན་ཀྱང་གལ་ཏེ་ནོར་འཁྲུལ་དེ་དོ་བདག་ཕྱོགས་གཉིས་ཀས་གན་རྒྱའི་ནང་དོན་དངོས་ལ་བརྩི་སྲུང་བྱ་དགོས་མིན་བརྡར་ཤ་གཅོད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཚེ། སྒོར་ཁྲི10དེ་ནི་བྲིས་ནོར་ཡིན་མིན་དང་དོན་དངོས་ཡིན་མིན་བརྡར་ཤ་གཅོད་དཀའ་བས།  ཚེ་རིང་གི་ཨ་ཕས་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་བསམ་ཚུལ་བཏོན་ཆོག
          གལ་ཏེ་གན་རྒྱ་དེ་ཁྲིམས་མཐུན་ནུས་ལྡན་ཡིན་ལ། གན་རྒྱའི་ནང་དུ་དངུལ་བུན་ལ་ཞིབ་མཆན་མ་བཀོད་པའི་དམིགས་བསལ་གྱི་ཁ་ཆད་ཡོད་ན། ཁོའི་ཨ་ཕས་གན་རྒྱ་ཕྱིར་འཐེན་བྱས་ཆོག་པར་མ་ཟད། འགན་ཡང་མ་འཁུར་ན་ཆོག་གོ །

          གན་རྒྱ་ནུས་མེད་ཡིན་པའི་གནས་ཚུལ་རིགས་ལྔ་ནི་གང་དག་ཡིན།
          གན་རྒྱ་ནི་ཕྱོགས་གཉིས་ཀའི་བསམ་ཚུལ་ངོ་མ་ཡིན་ལ། གན་རྒྱ་འཇོག་སྟངས་ནི་ཕྱོགས་གཉིས་ཀ་རང་མོས་ཡིན་པའི་རྨང་གཞིའི་ཐོག་བཙུགས་པ་ཡིན་ན། གན་རྒྱ་འཇོག་མཁན་དོ་བདག་ཕྱོགས་གཉིས་ཀས་ཁ་བཤད་དོན་ལ་གནས་པའི་རྩ་དོན་བརྩི་སྲུང་ཞུ་དགོས།
          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན52པའི་ནང་གཏན་འབེབས་བྱས་པ་ལྟར་ན།གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་པའི་གན་རྒྱ་ནི་ནུས་མེད་ཡིན།
          1. ཕྱོགས་གཅིག་གིས་མགོ་སྐོར་བཏང་བའམ་བཙན་ཤེད་ཀྱི་བྱེད་སྟངས་ལ་བརྟེན་ནས་གན་རྒྱ་བཞག་སྟེ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་རིགས།
          2. བསམ་ངན་ཁོག་བཅུག་གིས་ངན་འབྲེལ་བྱས་ཏེ་རྒྱལ་ཁབ་དང་ཐུན་མོང་ངམ་མི་གསུམ་པ་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་རིགས།
          3. ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་ཁྲིམས་འགལ་གྱི་དམིགས་ཡུལ་གཡོ་འགེབས་བྱས་པའི་རིགས།
          4. སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པའི་རིགས།
          5. བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་འགལ་བའི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་བཅས་ཡིན།
          དོན་ཚན54པའི་ནང་གཏན་འབེབས་བྱས་པ་ལྟར་ན། དོ་བདག་ཕྱོགས་གཅིག་གིས་མགོ་སྐོར་གཏོང་བ་དང་བཙན་ཤེད་བྱེད་སྟངས་ལ་བརྟེན་པའམ་ཡང་ན་གཞན་ཉེན་ཁར་འཕྲད་པའི་སྐབས་དང་བསྟུན་ནས། ཕྱོགས་ཅིག་ཤོས་ཀྱི་བསམ་ཚུལ་ངོ་མ་དང་འགལ་བའི་གནས་ཚུལ་འོག་བཞག་པའི་གན་རྒྱའི་རིགས། གནོད་སྐྱོན་ཐེབས་པའི་ཕྱོགས་དེར་མི་དམངས་ཁྲིམས་ཁང་ངམ་འདུམ་འགྲིག་ལས་ཁུངས་ལ་བསྒྱུར་བཅོས་སམ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་དབང་ཡོད་ཅིང་། དོ་བདག་གིས་བསྒྱུར་བཅོས་བྱ་རྒྱུའི་རེ་འདུན་ཞུས་ན། མི་དམངས་ཁྲིམས་ཁང་ངམ་འདུམ་འགྲིག་ལས་ཁུངས་ཀྱིས་ཕྱིར་འཐེན་བྱས་མི་ཆོག
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1