གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁྲིམས་ལུགས་ཚགས་པར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༢༩ཉིན།

༄༅།།ཆུང་མར་ཁུ་ཚུར་གཞུས་པའི་མཇུག་འབྲས།


          ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སྤྱི་བདེ་ཅུས་ཧོ་དབྱིན་མངག་གཏོང་ཁང་གིས་ཁྱིམ་ཚང་ལ་དྲག་སྤྱོད་གཏོང་མཁན་ཁྲིམས་འགལ་མི་སྣ་ཞིག་ལ་སྲིད་འཛིན་བཀག་ཉར་དང་དངུལ་ཆད་བཅད།

          ཧོ་དབྱིན་མངག་གཏོང་ཁང་ལ་མངའ་ཁོངས་ཀྱི་གྲོང་མི་ཉེ་ཆེ་གེ་མོའི་ཁ་པར་འབྱོར་ཏེ། མོའི་ཁྱོ་གས་མོ་ལ་གཅར་རྡུང་བྱས་བྱུང་བས་ཉེན་རྟོག་པ་མྱུར་དུ་ཡོང་རོགས་ཞེས་བཤད་པར། ཉེན་རྟོག་པ་མགྱོགས་མྱུར་ངང་གྱོད་དོན་བྱུང་སའི་ཡུལ་དངོས་སུ་སོང་། ཞིབ་བཤེར་བྱས་པ་བརྒྱུད། ཟླ4པའི་ཚེས6ཉིན་གྱི་ཆུ་ཚོད10ཙམ་ལ། ཝང་ཆེ་གེ་མོ་དང་བཟའ་ཟླ་ཉེ་ཆེ་གེ་མོ་གཉིས་ཀྱིས་ཁྱིམ་ཚང་གི་བྱ་བ་ཙག་ཙིག་བརྩད་དེ་ཁ་རྩོད་དྲག་པོ་བྱས། སྐབས་དེར། ཝང་ཆེ་གེ་མོས་ཅོག་ཙེ་སྟེང་གི་མཛེས་ཆོས་བྱུག་རྫས་ཤེལ་དམ་གྱིས་ཉེ་ཆེ་གེ་མོའི་མགོ་ལ་ཐེངས་མང་གཞུས་པ་དང་། ཉེ་ཆེ་གེ་མོ་ཐང་དུ་འགྱེལ་རྗེས་ཝང་ཆེ་གེ་མོས་སླར་ཡང་མོའི་སྐེད་པ་དང་རྒྱབ་ལ་ཁུ་ཚུར་གྱིས་ཐེངས་མང་པོར་གཞུས་ནས་དྲག་སྤྱོད་བཏང་བས། ཉེ་ཆེ་གེ་མོའི་མགོ་དང་སྐེད་པར་རྨས་སྐྱོན་བཟོས། དེ་རྗེས་ཉེ་ཆེ་གེ་མོའི་ཤ་ཉེ་རྣམས་ཀྱིས་མོ་རང་ཁྲི་ཀ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ།
          ཟླ7པའི་ཚེས14ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན43པའི་ནང་གསེས་དང་པོ་དང་། 《སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་གྱོད་གཞི་ཐག་གཅོད་བྱེད་པའི་གོ་རིམ་གྱི་གཏན་འབེབས》ཀྱི་དོན་ཚན160པའི་གཏན་ཁེལ་གཞིར་བཟུང་སྟེ། ཁྲི་ཀ་རྫོང་སྤྱི་བདེ་ཅུས་ཀྱིས་ཝང་ཆེ་གེ་མོར་ཉིན8ལ་སྲིད་འཛིན་བཀག་ཉར་དང་སྒོར200ཡིས་དངུལ་ཆད་བཅད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1