དཀར་མཛེས་ཁུལ་གྱི་དཀའ་ངལ་ཡོད་པའི་ཡུལ་ལུང་དག་ལ་བརྩེ་སེམས་ཞལ་འདེབས་བསྡུ་རུབ་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-04


དཀར་མཛེས་ཁུལ་གྱི་འབྲོག་ཁུལ་དུ་སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་ཚོ།

              ཉེ་ཆར། ཅང་ཨན་རྫོང་གི་ན་གཞོན་ཉི་འོད་སྤྱི་ཕན་ཞབས་ཞུ་རུ་ཁག་གིས་ཅང་ཨན་རྫོང་མཁར་གྱི་ལྗང་མདོག་གི་འཇིག་རྟེན་ཞེས་པའི་ཐང་ཆེན་དུ། བརྩེ་སེམས་བཅངས་ཏེ་དཀར་མཛེས་ཁུལ་ལ་དབུལ་སྐྱོར་ཞལ་འདེབས་བསྡུ་རུབ་བྱེད་པ་ཞེས་པའི་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཞིང་། ས་གནས་ཀྱི་འཚོ་བའི་ཆ་རྐྱེན་ཞན་པའི་མང་ཚོགས་དང་བྱིས་པར་དགུན་ལྭ་དང་ཡིག་ཆས་སོགས་ཀྱི་ཞལ་འདེབས་བསྡུ་རུབ་རྒྱ་ཆེན་པོ་བྱས།

           གསར་འགོད་པས་ཞལ་འདེབས་བསྡུ་བའི་བྱེད་སྒོའི་ཡུལ་དངོས་ནས་མཐོང་བ་ལྟར་ན། དགུན་ལྭ་1000ལྷག་ཞལ་འདེབས་སུ་ཕུལ་ཡོད་དེ། ལྭ་བ་གཅིག་རེ་གཉིས་རེ་བྱས་ཏེ་ཞལ་འདེབས་ཕུལ་ནས། ཕྱི་དྲོའི་དུས་ཚོད་4ཡི་སྐབས་སུ་ཞལ་འདེབས་བསྡུ་རུབ་བྱེད་སར་ལྭ་བ་སོགས་ཞབས་འདེགས་དངོས་པོ་མང་པོ་བསྡུ་རུབ་བྱས་འདུག ཅང་ཨན་ཉི་འོད་ཀུན་ཕན་ཞབས་ཞུ་རུ་ཁག་རང་ཉིད་ཀྱིས་བསྐུར་གླ་སོགས་བྱིན་ནས་ཞལ་འདེབས་སུ་འབུལ་བའི་དངོས་པོ་དག་དཀར་མཛེས་ཁུལ་གྱི་དཀའ་ཁག་ཆེ་བའི་ཡུལ་ལུང་དག་ལ་བསྐྱེལ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1