ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལོ་ཚོགས་ཀྱི་བརྙན་ལམ་ཚོགས་འདུ་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 07-31


འདི་ནི་ཟླ་7ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལོ་ཚོགས་ཀྱི་བརྙན་ལམ་ཚོགས་འདུ་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ།
        ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལོ་ཚོགས་ཀྱི་བརྙན་ལམ་ཚོགས་འདུ་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་ཞུས་པ་དང་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ཟམ་མི་ཆད་པར་འཕེལ་རྒྱས་སྟོབས་ཆེར་ཕྱིན་པར་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དེ་ཁོངས་མི་ཁག་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ལས་སྟེགས་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། ཁོངས་མི་ཁག་གིས་ཐུན་མོང་འཕེལ་རྒྱས་ལ་དམིགས་པ་དང་། གསར་འབྱེད་གསར་གཏོད་བྱེད་ཕོད་པ། ལག་ལེན་ཡག་ཤོས་གཏོད་པ། སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བཅས་བྱས་ཏེ། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དེ་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་མང་གསར་སྤེལ་དངུལ་ཁང་གསར་པ་དང་། དུས་བསྟུན་མདུན་སྐྱོད་ཀྱི་འཕེལ་རྒྱས་ཀྱི་ལག་ལེན་ལས་སྟེགས་གསར་པ། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་མཉམ་ལས་སྒྲིག་གཞི་གསར་པ། རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ཀྱི་དཔེ་མཚོན་གསར་པ་བཅས་སུ་འགྱུར་བ་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་ལག་བསྟར་བྱེད་པ་དང་། སྒོ་དབྱེ་དང་། མཉམ་ལས། གཉིས་ཕན་བཅས་ཀྱི་སྙིང་སྟོབས་ཐོག་ནས་ཁོངས་མི་ཁག་དང་མཉམ་དུ་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ལ་རྒྱབ་སྐྱོར་བྱེད་པ་དང་དེ་ཡག་པོ་གཉེར་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། 2013ལོའི་ལོ་མཇུག་ཏུ། ངས་ཀྲུང་གོའི་ཚབ་ཞུས་ནས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གྲབས་འཛུགས་བྱས་ཏེ་ཨེ་ཤེ་ཡའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། དངུལ་ཁང་ལས་གཉེར་བྱས་ནས་ལོ་4ལྷག་ཙམ་སོང་རིང་། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་
        རྒྱལ་སྤྱིའི་རང་བཞིན་དང་། ཚད་ལྡན་རང་བཞིན། ཚད་གཞི་མཐོ་བ་བཅས་མཐའ་འཁྱོངས་བྱས་ཏེ་འགོ་ཡག་པོ་ཞིག་བཙུགས་པ་མ་ཟད། ཐོག་མའི་གསར་གཏོད་ཁོངས་མི་57ནས་ད་བར་གྱི་གླིང་ཆེན་དྲུག་གི་ཁོངས་མི་102བར་འཕེལ་རྒྱས་ཕྱིན་ཏེ་གྲོགས་ཚོགས་ཇེ་ཆེར་ཕྱིན་པ་དང་། རོགས་ཟླ་བཟང་པོ་ཇེ་མང་དུ་འགྲོ་བ། མཉམ་ལས་ཀྱི་སྤུས་ཚད་ཇེ་མཐོར་འགྲོ་བ་བཅས་བྱུང་བ་དེ་ཐོག་ནས་ཆེད་ལས་དང་། ནུས་ཆེ། སྤྱོད་གཙང་བཅས་ཀྱི་ཕྱོགས་མང་གསར་སྤེལ་དངུལ་ཁང་གསར་པའི་གཟུགས་བརྙན་གསར་པ་མངོན་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལག་ལེན་གྱི་ཐོག་ནས་མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་དང་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དེ་ནི་ཉེན་ཁ་ལས་རྣམ་པར་རྒྱལ་བའི་འགྲོ་ལམ་ཡང་དག་ཅིག་ཡིན་པ་གསལ་བཤད་ཐུབ་ཡོད། དཔལ་འབྱོར་གོ་ལ་ཅན་གྱི་བརྒྱུད་རིམ་ཁྲོད་ཐོན་པའི་འགལ་ཟླ་ཐག་གཅོད་བྱེད་པར་རྒྱལ་ཁབ་ཁག་གིས་དེ་བས་བསྟུན་མཁས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་། དེ་བས་ནུས་ལྡན་གྱི་ཕྱོགས་མང་ལམ་སྲོལ། དེ་བས་དགེ་མཚན་ལྡན་པའི་ས་ཁོངས་མཉམ་ལས་བཅས་ཆགས་རྒྱུར་འབད་བརྩོན་བྱེད་དགོས། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དེ་ཁོངས་མི་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལས་སྟེགས་གསར་པར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
        མཇུག་ཏུ་ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་སྒོ་དབྱེ་དང་། མཉམ་ལས། གཉིས་ཁེ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱས་ཡོད། ཀྲུང་གོས་མུ་མཐུད་དེ་ཁོངས་མི་ཁག་དང་མཉམ་དུ་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ལ་རྒྱབ་སྐྱོར་བྱེད་པ་དང་ཡག་པོ་གཉེར་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1