ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གིས་གྲོས་ཚོགས་ཐེངས་བདུན་པའི་ཁྲོད་དུ་ཕྱོགས་བདུན་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་བརྡ་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-04


 

ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གནང་བཞིན་པ།

            སྤྱི་ཟླ་12པའི་ཚེས་2ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི་དབུ་གཙོ་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་བ་མ་ཟད། ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་།

           ཐེངས་འདིའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐོག་ཏུ་ཕྱོགས་7ནས་གནད་དོན་ཐག་གཅོད་བྱས་པའི་བརྡ་བསྟན་ཡོད་པ་དང་། ས་ཞིང་དང་རིག་གནས། གཞུང་ཞབས་པ། རུལ་སུངས་ལ་ངོ་རྒོལ། ཁྲིམས་འཛིན་བཅས་ཀྱི་ཁྱབ་ཁོངས་ཆེན་པོ་ལྔའི་ཐད་ལ་འབྲེལ་བ་ཡོད། ད་དུང་《བསམ་འཆར།》ཡི་གེ་བཞི་ལ་ཞིབ་བཤེར་གྲོས་མོལ་གནང་ཡོད་པ་དང་། ཞིབ་བཤེར་གྲོས་མོལ་བྱས་པ་བརྒྱུད་《ཇུས་གཞི།》ཐག་གཅོད་བྱས་ཡོད། གྲོས་ཚོགས་ཐོག་རེ་བ་ནན་མོ་གཉིས་བཏོན་ཡོད་པ་ནི། དང་པོ་ནི་ས་གནས་ཀྱིས་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ནུས་པ་འདོན་དགོས་པ་དང་། གཉིས་པ་ནི་ས་གནས་ཀྱིས་2015ལོའི་ལས་ཀའི་ནང་དོན་གཙོ་བོ་དག་དམ་འཛིན་བྱེད་དེ་གཏན་འབེབ་བྱ་དགོས་པ་དེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1