《བདེན་འཚོལ》དུས་དེབ་འདོན་ཐེངས་15པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཞིག་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 08-05



        ཟླ་8ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་15པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་སྔར་བས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས》ཞེས་པ་བཀོད་པ་རེད།
        རྩོམ་ཡིག་ནང་ནན་བཤད་བྱས་དོན། རྩ་འཛུགས་འཛུགས་སྐྱོང་བྱེད་པ་ནི་ཏང་འཛུགས་སྐྱོང་གི་རྨང་གཞི་གལ་ཆེན་ཞིག་རེད། ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བྱེད་རེད། རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་བ་དང་གསོན་ཤུགས་ནམ་ཡང་གནས་པའི་ངང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དང་། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཏང་ཉིད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་པ་དེ་ཡིན་པས། ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་འདེད་བཏང་ནས། ཏང་སྔར་བས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱས་ཚེ། གཞི་ནས་དཀའ་ངལ་ཇི་ལྟར་ཕྲད་ཀྱང་རང་ཚུགས་བརྟན་པོར་གནས་ཐུབ།
        རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ། ང་ཚོས་ལོ་རྒྱུས་ཀྱི་ཉམས་མྱོང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་སྙིང་བསྡུས་བྱས་ཡོད། ལག་ལེན་ལས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱིས་ཏང་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཆེ་རུ་གཏོང་ཆེད་འགན་ལེན་གལ་ཆེན་བྱས་པ་གསལ་པོར་བསྟན་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་གོ་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་ཡང་དག་བླངས་ནས་དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། ལག་བསྟར་དོན་འཁྱོལ་གྱི་གཞི་རྩའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1