ན་གཞོན་ལས་བྱེད་པ་དེ་དབུལ་ཐར་འགག་སྒྲོལ་གྱི་ལས་གནས་ཐོག་ཚེ་ལས་འདས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-06




   གསེར་ཐར་རྫོང་སྒྲིག་ཨུས་གནས་ཚུལ་སྤེལ་བར་གཞིགས་ན། 2020ལོའི་ཟླ8པའི་ཚེས2ཉིན། གསེར་ཐར་རྫོང་གོ་ལ་ཐང་ཡུལ་ཤོག་གི་ཆེད་བསྐོས་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ། ཆེད་བསྐོས་དྲག་ཆས་པུའུ་ཡི་པུའུ་ཀྲང་པཱ་ཙུའུ་ཝུའུ་ཧོ་སེར་ཤུལ་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་ཡོངས་བཤེར་རྩིས་ལེན་དང་ལྟ་སྐུལ་ལས་དོན་ནང་ཞུགས་རིང་ངལ་དུབ་ཀྱིས་མནར་ཞིང་། གསོ་རླུང་དཀོན་པ་སོགས་ཀྱིས་ཁྲག་ཤེད་མཐོ་བ་དང་། ཀླད་ཁྲག་རྡོལ་བྱུང་བས་མྱུར་སྐྱོབ་བྱས་ཀྱང་མི་ཕན་པས2020ལོའི་ཟླ8པའི་ཚེས2ཉིན་གྱི་ཆུ་ཚོད20དང་སྐར་མ17ཐོག་ཚེ་ལས་འདས་སོང་། རང་ལོ35ལས་སོན་མེད།

   པཱ་ཙུའུ་ཝུའུ་ཧོ། སྐྱེས་པ། དབྱིས་རིགས། 1985ལོའི་ཟླ2པར་སྐྱེས། 2009ལོའི་ཟླ8པར་ལས་ཀར་ཞུགས་པ་དང་། 2011ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 2009ལོའི་ཟླ8པ་ནས2011ལོའི་ཟླ8པའི་བར་གསེར་ཐར་རྫོང་སྟག་རྩེ་ཡུལ་ཤོག་གི་ཁོའོ་ཡོན(ཚོད་ལྟའི་དུས་ཡུན་ཚུད)དང་། 2011ལོའི་ཟླ8པ་ནས2019ལོའི་ཟླ4པའི་བར་གསེར་ཐར་རྫོང་ཆུ་དོན་ཅུས་ཀྱི་ཁོའོ་ཡོན་གྱི་འགན་བཞེས། 2019ལོའི་ཟླ4པ་ནས་ད་བར་གསེར་ཐར་རྫོང་གོ་ལ་ཐང་ཡུལ་ཤོག་གི་ཆེད་བསྐོས་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆེད་བསྐོས་དྲག་ཆས་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པ་རེད།


    པཱ་ཙུའུ་ཝུའུ་ཧོ(གཡོན)ཡིས་རིམས་ནད་སྔོན་འགོག་བྱེད་རིང་“ཨུ་ལྷན་གཉིས”ཀྱི་འགན་འཁྲི་སྒྲུབ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1