ཀྲུང་གོ་རྒྱལ་ཁབ་ཀྱི་ཆེས་ཐོག་མའི་རྩ་ཁྲིམས་ཉིན་མོར་དགའ་བསུ་ཞུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-05


སྤྱི་ཟླ་12པའི་ཚེས་3ཉིན། ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་གྱི་རིག་གནས་ལམ་སློབ་ཆུང་གིས་སློབ་ཆུང་སློབ་མས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་དགའ་བསུ་ཞུ་ཞེས་པ་བརྗོད་དོན་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ་བཞིན་པ།

             2014ལོའི་སྤྱི་ཟླ་12པའི་ཚེས་4ཉིན།  རང་རྒྱལ་གྱིས་ཆེས་ཐོག་མའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་དགའ་བསུ་ཞུས་ཤིང་། རྩ་ཁྲིམས་གྱི་དོན་སྙིང་ལ་ཇི་ལྟར་ཤེས་དགོས་པ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་ཇི་ལྟར་མཐོར་འདེགས་གཏོང་དགོས་པ། དེ་བཞིན་རྩ་ཁྲིམས་ཤེས་བྱ་ཇི་ལྟར་ཁྱབ་བརྡལ་དུ་གཏོང་བ་སོགས་བརྗོད་གཞིར་བཟུང་ནས་སློབ་སྦྱོང་བྱེད་བཞིན་ཡོད།

              རྩ་ཁྲིམས་ནི་ཅི་ཞིག་ཡིན་ནམ། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འཇགས་ཀྱི་སྤྱིའི་སྒྲིག་ཡིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། དུས་ཡུན་ཐུང་ངུའི་ནང་བེད་སྤྱོད་བྱས་པའི་གནས་སྐབས་རྩ་ཁྲིམས་《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན།》ཞེས་པ་ཕུད། རང་རྒྱལ་གྱིས་ཁྱོན་བསྡོམས་རྩ་ཁྲིམས་ཁག་བཞི་གཏན་འབེབས་བྱས་ཡོད་དེ། 1954ལོར། རྒྱལ་ཡོངས་དམངས་ཆེན་གྱི་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོའི་ཐོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁག་དང་པོ་གཏན་འབེབས་བྱས་པ་དེའི་མིང་ལ། ལྔ་བཞིའི་རྩ་ཁྲིམས་ཞེས་སུ་གྲགས། རྩ་ཁྲིམས་དེ་བྱུང་བས་ཀྲུང་གོ་གསར་པ་འཛུགས་པའི་ཁྲིམས་ལུགས་ཀྱི་རྨང་གཞི་བཏིངས་པ་རེད། ད་ལྟའི་སྐབས་སྤྱོད་བཞིན་པའི་རྩ་ཁྲིམས་ཁག་བཞི་པ་འདི་ནི། 1982ལོའི་ཟླ་12པའི་ཚེས་4ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྐབས་སུ་གཏན་འབེབས་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1