གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༡༢ཉིན།

ས་མཐོའི་མུ་ཏིག་གི་འཕོ་འགྱུར།


ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་དབུལ་སྒྲོལ་ཟིན་ཐོ།

     ● མིག་སྔའི་བར་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་མི་འབོར་དབུལ་པོ་དེ་སྔའི་2015ལོའི་ལོ་མཇུག་གི་དུད་ཚང་19553གྱི་མི་74139ནས་མིག་སྔའི་དུད་ཚང་508ཀྱི་མི་1579བར་ཉུང་དུ་ཕྱིན་ཞིང་། དབུལ་པོ་ཐོན་ཚད་ཀྱང་24.95%་ནས་0.53%བར་ཆག་པ་དང་ཀྲོའུ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་147ཚང་མ་དབུལ་སྒྲོལ་བྱུང་ནས། བདེ་ཆེན་ཀྲོའུ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད།
     ● པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་མ་བཙུགས་གོང་གྲོང་མི་མང་ཆེ་བ་ས་མ་འབྲོག་ཡིན་པ་དང་། ཤིང་བཅད་ནས་སྡོད་ཁང་རྒྱག་པ་དང་། ཤིང་ཆ་འཚོང་བ། རྔོན་རྒྱག་པ་སོགས་ལས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་ལ་ཡོང་འབབ་ཀྱང་བརྟན་པོ་མེད། སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་ཆེད། བདེ་ཆེན་ཀྲོའུ་ཡིས་རྨོ་བསྐྱུར་ནགས་གསོ་དང་། སྐྱས་སྤོས་རྩྭ་གསོ། རང་བྱུང་ནགས་རར་སྲུང་སྐྱོང་སོགས་ཀྱི་འདུ་འགོད་ཁག་གཅིག་ལག་བསྟར་བྱས་པ།
     ● སྟོབས་རྒྱལ་གྱིས་བཤད་པར། “ངར་ད་ཆ་ལོ་གཅིག་ལ་མ་དངུལ་སྒོར་ཁྲི་5ཙམ་དང་སྣོད་བཅུད་ནགས་སྲུང་པའི་ཟླ་རེའི་གླ་ཆ་སྒོར་2000ལེན་རྒྱུ་ཡོད། དེའི་ཐོག་ནོར་གནག་དང་རི་སྐྱེས་ཤ་མོ་ལས་བྱུང་བའི་ཡོང་འབབ་བསྣན་ཚེ་ལོ་གཅིག་ལ་ཁྱོན་སྒོར་ཁྲི་10ཙམ་ཡོད”
     ● “ངར་ད་ཆ་དགེ་ཕྲུག་80ལྷག་ཙམ་ཡོད་པ་དེའི་ནང་གི་80%ཡན་ནི་དབང་པོ་སྐྱོན་ཅན་རེད། རང་ཉིད་དབང་པོ་སྐྱོན་ཅན་ཡིན་པའི་དབང་གིས་དགེ་ཕྲུག་བསྡུ་སྐབས་ངས་དང་ཐོག་གྲོང་ཚོའི་མཐའ་འཁོར་གྱི་དབང་པོ་སྐྱོན་ཅན་སློབ་མ་བསྡུ་ཡི་ཡོད”ཅེས་བཤད། བློ་བཟང་ཡེ་ཤེས་ཀྱི་སྣེ་ཁྲིད་འོག་ད་ཆ་ཀོང་རྩེད་ར་གྲོང་ཚོའི་མཐའ་འཁོར་གྱི་མི་200ལྷག་ཙམ་ལ་ལས་ཀ་རག་པ་དང་མི་རེའི་ཟླ་རེའི་གླ་ཆ་སྒོར་5000ཙམ་ཟིན་གྱི་ཡོད།
     རི་སྔོ་ཞིང་ཆུ་དྭངས་ལ་ཕྱུག་པོར་ཡང་གྱུར་པ།
     ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཞིག་ཡིན་པའི་བདེ་ཆེན་ནི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན། ད་ཆ་ཡུལ་དེའི་མི་རྣམས་ཀྱིས་ངལ་རྩོལ་དང་བློ་གྲོས་ལ་བརྟེན་ནས་འབད་འཐབ་ཀྱི་མཛེས་སྡུག་ལྡན་པའི་སྣུམ་ཚོན་རི་མོ་ཞིག་བྲིས་ཏེ་ས་མཐོའི་མུ་རིག་ལ་དེ་བས་མཚར་སྡུག་དང་བཀྲག་མདངས་ཡང་ཡང་མངོན།
     དབྱར་གཞུང་དུ་ཕྱོགས་བཞི་རི་བོས་བསྐོར་པའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དབེན་ཞིང་སྐྱིད་པར་གནས།
     དུས་ཚིགས་འདིར་སླེབས་རིམ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བློ་བཟང་གྲོང་ཚོའི་གྲོང་མི་སྟོབས་རྒྱལ་སྔར་བས་བྲེལ་བ་ཆེ། “རི་སྐོར་རྒྱག་པར་འགྲོ་བའི་དུས་ལ་སླེབས་སོང”ཞེས་བརྗོད་མ་ཐག་སྟོབས་རྒྱལ་གྱིས་སྐོར་སྲུང་གྱོན་ཆས་གྱོན་ཏེ་ཁྱིམ་ནས་ཐོན། ཁོང་གིས“དེ་སྔ་གྲོང་ཚོའི་འབྲུ་རིགས་ཚང་མ་རྒྱལ་ཁབ་ཀྱིས་རོགས་སྐྱོབ་བྱེད་དགོས་ཀྱི་ཡོད། སྤྱི་གླིང་དེ་ཡོད་པ་ནས་བཟུང་ཚང་མའི་འཚོ་བར་སྔར་མེད་ཀྱི་འགྱུར་ལྡོག་བྱུང་ཡོད”ཅེས་བཤད།
     སྤྱི་གླིང་མ་བཙུགས་གོང་གྲོང་མི་མང་ཆེ་བ་ས་མ་འབྲོག་ཡིན་པ་དང་། ཤིང་བཅད་ནས་སྡོད་ཁང་རྒྱག་པ་དང་། ཤིང་ཆ་འཚོང་བ། རྔོན་རྒྱག་པ་སོགས་ལས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་ལ་ཡོང་འབབ་ཀྱང་བརྟན་པོ་མེད། སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་ཆེད། བདེ་ཆེན་ཀྲོའུ་ཡིས་རྨོ་བསྐྱུར་ནགས་གསོ་དང་། སྐྱས་སྤོས་རྩྭ་གསོ། རང་བྱུང་ནགས་རར་སྲུང་སྐྱོང་སོགས་ཀྱི་འདུ་འགོད་ཁག་གཅིག་ལག་བསྟར་བྱས་པ་དང་ཆབས་ཅིག་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།
     2005ལོར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཞིང་། སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཇི་ལྟར་ཕན་ཚུན་དོ་སྙོམས་ཡོང་བར་བྱེད་དགོས་སམ། དོ་དམ་སྡེ་ཚན་གྱིས་འཕེལ་རྒྱས་ཀྱི་མ་དངུལ་ཁག་གཅིག་བཏོན་ཏེ་ས་གནས་དེ་གའི་གྲོང་མིར་སྣོད་བཅུད་ཁ་གསབ་སྤྲོད་པ་དང་ཆབས་ཅིག་ཁོང་ཚོ་སྤྱི་གླིང་གི་ལས་དོན་པར་བསྡུ་རྒྱུའི་ཐག་བཅད།
     “ངར་ད་ཆ་ལོ་གཅིག་ལ་མ་དངུལ་སྒོར་ཁྲི་5ཙམ་དང་སྣོད་བཅུད་ནགས་སྲུང་པའི་ཟླ་རེའི་གླ་ཆ་སྒོར་2000ལེན་རྒྱུ་ཡོད། དེའི་ཐོག་ནོར་གནག་དང་རི་སྐྱེས་ཤ་མོ་ལས་བྱུང་བའི་ཡོང་འབབ་བསྣན་ཚེ་ལོ་གཅིག་ལ་ཁྱོན་སྒོར་ཁྲི་10ཙམ་ཡོད”ཞེས་ཡོང་འབབ་ཀྱི་སྐོར་བརྗོད་སྐབས་སྟོབས་རྒྱལ་གྱི་ངོ་གདོང་ནས་འཛུམ་མདངས་འཕྱུར།
     གྲོང་མིའི་སྣོད་བཅུད་ལྟ་བ་ཡང“སྲུང་སྐྱོང་བྱེད་དུ་འཇུག་པ”ནས“སྲུང་སྐྱོང་བྱེད་དགོས་པའི”བར་འགྱུར་ལྡོག་ཕྱིན་ཡོད། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱང་ལིའུ་དབྱང་གིས་གསར་འགོད་པར“མིག་སྔའི་བར། སྤྱི་གླིང་གིས་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་2དང་། གྲོང་ཚོའི་ཨུ་ལྷན་3 གྲོང་མིའི་ཚོགས་ཆུང་23 དུད་ཚང་866གི་མི་3696ལ་རོགས་སྐྱོར་བྱས་པ་དང་། ལོ་བཅུའི་རིང་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་1.5སྤྲད་ཡོད”ཅེས་བཤད།
     སྣོད་བཅུད་ལ་བརྟེན་ནས་འཚོ་བ་ཇེ་ལེགས་སུ་ཕྱིན་ཞིང་། བདེ་ཆེན་གྱིས་ཁོང་ཚོའི་ལག་ལེན་དངོས་ལ་བརྟེན་ནས་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པར་འགྲེལ་བཤད་གསལ་པོ་བྱས་ཡོད།
     རྒུན་འབྲུམ་འདེབས་འཛུགས་ལ་བརྟེན་ནས་སྦྲང་རྩི་ལྟར་མངར་བའི་འཚོ་བ་སྐྱེལ་བ།
     རྫ་ཆུའི་ལུང་གཞུང་བརྒྱུད་མདུན་དུ་སྐྱོད་མཐར་གསར་འགོད་པ“གཙང་གསུམ་ཟླ་སྒྲིལ”ཁུལ་དུ་ཆགས་པའི་འཇོལ་རྫོང་དུ་སླེབས། ཡུལ་དེར་རྒུན་འབྲུམ་གྱི་ལྡུམ་རས་ཁེངས་ཤིང་། མཁའ་དབྱིངས་ནས་བལྟས་ན་ས་གདན་སྔོན་པོ་ཞིག་བཏིང་པ་དང་འདྲ་ལ་མཁའ་རླུང་ཁྲོད་དུ་ཡང་རྒུན་འབྲུམ་གྱི་དྲི་ཞིམ་འཐུལ་ཡོད།
     རྒུན་འབྲུམ་རྟེན་གཞིར་གྲོང་མི་ཚོས་རྩྭ་ངན་བཀོག་པ་དང་ཡལ་བཅོས་རྒྱག་བཞིན་འདུག་ལ། “དེར་མཐོང་ཆུང་བྱ་རྒྱུ་མེད། དེ་དག་ང་ཚོའི་ལོ་ལེགས་ཀྱི་རེ་བ་ཡིན”ཞེས་གསར་འགོད་པ་མཐོང་འཕྲལ་འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་ཨ་གདོང་གྲོང་ཚོའི་ཕོ་གཞོན་ཆོས་གྲགས་ཀྱིས་རང་འགུལ་ངང་དེ་ལྟར་བརྗོད།
     “དེ་སྔ་ཁྱིམ་གྱི་ཆ་རྐྱེན་ཡག་པོ་མེད་ལ་ཐ་ན་སློབ་ཆེན་གྱི་སློབ་ཡོན་ཡང་འདོན་ཐུབ་ཀྱི་མེད། ཁྱིམ་དུ་རྒུན་འབྲུམ་བཏབ་པ་ནས་བཟུང་ང་ཚོ་ཡང་འབྱོར་འབྲིང་གི་འཚོ་བའི་ཕྱོགས་སུ་སྐྱོད་ཐུབ་བྱུང”ཞེས་དབུལ་སྒྲོལ་གྱི་སྐོར་བརྗོད་སྐབས་ལོ་26ལ་སོན་པའི་ཕོ་གཞོན་དེའི་མོས་སེམས་ཀྱི་སྤྲོ་སྣང་འཕེལ་བའི་གད་མོ་དབང་མེད་དུ་ཤོར།
     2001ལོར་ཡུན་ལིང་ཤང་སྤང་གྲོང་ཚོ་དང་ཡན་མོན་ཤང་མཚོ་དྲུག་གིས་མུའུ་120ལ་རྒུན་འབྲུམ་ཚོད་འདེབས་བྱས་པ་ལམ་ལྷོངས་བྱུང་རྗེས་འཇོལ་རྫོང་གིས་ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་མངག་ཐོའི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྣམ་པ་སྤྱོད་འགོ་ཚུགས་པ་རེད།
     ཆོས་གྲགས་དང་འདྲ་བར། རྒུན་འབྲུམ་བཏབ་ནས་འཚོ་བ་ལེགས་སུ་ཕྱིན་པ་འཇོལ་རྫོང་དུ་ད་དུང་མང་པོ་ཡོད། འཇོལ་རྫོང་རྒུན་འབྲུམ་ཐོན་ལས་གླིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཁྲེན་ཀོང་གིས་གསར་འགོད་པར“མིག་སྔར་རྫོང་ཡོངས་སུ་རྒུན་འབྲུམ་མུའུ་13840བཏབ་པ་དང་འདེབས་འཛུགས་དུད་ཚང་2778ཡོད་པ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་276ཡོད་ལ། ཆ་སྙོམས་ལོ་རེར་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་1.38རེ་ཡོད། རྒུན་འབྲུམ་ཐོན་ལས་ང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས་ད་ཆ་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད”ཅེས་བཤད།
     ཐོན་ལས་ནི་དབུལ་སྒྲོལ་གྱི་རྨང་གཞི་ཡིན་པ་དང་ཡུལ་གང་ཞིག་འཕེལ་རྒྱས་འགྲོ་དགོས་ན་ངེས་པར་དུ་ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་དགོས། ཉེ་བའི་ལོའི་ནང་བདེ་ཆེན་ཀྲོའུ་ཡིས་རང་ངོས་ཀྱི་ས་ཁོངས་དང་སྣོད་བཅུད་ཀྱི་ལེགས་ཆར་བརྟེན་ནས་རྒུན་འབྲུམ་དང་། སྨན་རྩྭ། ནས་སོགས་ཁྱད་ལྡན་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་ཞིང་། མིག་སྔའི་བར་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་མི་འབོར་དབུལ་པོ་དེ་སྔའི་2015ལོའི་ལོ་མཇུག་གི་དུད་ཚང་19553གྱི་མི་74139ནས་མིག་སྔའི་དུད་ཚང་508ཀྱི་མི་1579བར་ཉུང་དུ་ཕྱིན་ཞིང་། དབུལ་པོ་ཐོན་ཚད་ཀྱང་24.95%་ནས་0.53%བར་ཆག་པ་དང་། ཀྲོའུ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་147ཚང་མ་དབུལ་སྒྲོལ་བྱུང་ནས། བདེ་ཆེན་ཀྲོའུ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད།
     ཤུལ་བཞག་གི་ལག་རྩལ་ཡག་པོ་བསྲུངས་ནས་འབབ་འཕར་གྱི་ཐབས་ལམ་གསར་པ་བཙལ་བ།
     “ཤིང་ཕོར་གྱི་ཕ་ཡུལ”དུ་གྲགས་པའི་ཀོང་རྩེད་ར་གྲོང་རྡལ་ལ་ཤིང་ཕོར་བཟོ་བའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཁོར་ཡུག་གི་ཤུགས་རྐྱེན་དབང་གིས་བློ་བཟང་ཡེ་ཤེས་ཁྱིམ་རྒྱུད་ཀྱི་མི་རབས་མང་པོས་ཤིང་ཕོར་བཟོ་གི་ཡོད་པ་རེད།
     ལག་ཤེས་ཡག་པའི་དབང་གིས་ཁོང་གིས་བཟོས་པའི་ཤིང་ཕོར་ཡུན་ནན་དང་། མཚོ་སྔོན། བོད་ལྗོངས། སི་ཁྲོན་སོགས་ཡུལ་ཕྱོགས་གང་སར་བྲིན་ཁ་རྒྱུག་པོ་ཡོད། ཁོང་གིས་གསར་འགོད་པར། ཤིང་ཕོར་གྱི་གོང་ཚད་ནི་སྤུས་ཀར་གཞིགས་ནས་གོང་ཚད་སྒོར་ཉི་ཤུ་སུམ་ཅུ་ནས་ཁྲི་གཉིས་ཙམ་བར་ཡིན། ཤིང་ཕོར་ཐོན་ལས་ཁོ་ནར་ལོ་རེའི་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི་80ལྷག་ཙམ་ཟིན་གྱི་འདུག་ཅེས་བཤད།
     མི་དེ་བས་མང་བས་ལག་རྩལ་དེ་ཤེས་ནས་འབབ་འཕར་ཡོང་བར་བྱ་ཆེད། བློ་བཟང་ཡེ་ཤེས་ཀྱིས་དགེ་ཕྲུག་མང་པོ་བསྡུས་ཡོད། “ངར་ད་ཆ་དགེ་ཕྲུག་80ལྷག་ཙམ་ཡོད་པ་དེའི་ནང་གི་80%ཡན་ནི་དབང་པོ་སྐྱོན་ཅན་རེད། རང་ཉིད་དབང་པོ་སྐྱོན་ཅན་ཡིན་པའི་དབང་གིས་དགེ་ཕྲུག་བསྡུ་སྐབས་ངས་དང་ཐོག་གྲོང་ཚོའི་མཐའ་འཁོར་གྱི་དབང་པོ་སྐྱོན་ཅན་སློབ་མ་བསྡུ་ཡི་ཡོད”ཅེས་བཤད། ཁོང་གི་སྣེ་ཁྲིད་འོག་ད་ཆ་ཀོང་རྩེད་ར་གྲོང་ཚོའི་མཐའ་འཁོར་གྱི་མི་200ལྷག་ཙམ་ལ་ལས་ཀ་རག་པ་དང་མི་རེའི་ཟླ་རེའི་གླ་ཆ་སྒོར་5000ཙམ་ཟིན་གྱི་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1