༄༅།།འོ་མ་འཐུང་ཚེ་འབྲུམ་ཐོར་ཇེ་མང་དུ་འགྲོ་སྲིད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-18



            འོ་མ་འཐུང་ཚེ་འབྲུམ་ཐོར་ཇེ་མང་དུ་འགྲོ་སྲིད་དམ།
            བཤད་རྒྱུན།   འོ་མ་འཐུང་ན་འབྲུམ་ཐོར་འབྱུང་བ་ཇེ་སྡུག་ཏུ་འགྲོ་སྲིད།
            དོན་དངོས།   དངོས་གནས་དེ་འདྲ་ཡིན་སྲིད།



            ངོས་འཛིན་ཐབས་ཀྱི་གནད་གཙོ་བོ། 

            ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། འོ་མ་དང་འོ་བཟོས་ཐོན་རྫས་ཀྱིས་འབྲུམ་ཐོར་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་པ་དང་། ལྷག་པར་དུ་སྣུམ་བཏོན་པའི་འོ་མ་དེ་འདྲ་རེད། དེ་ནི་འོ་རིགས་ཁྲོད་ཀྱི་རང་བྱུང་སྐུལ་རྩིའི་གྲུབ་ཆ་དང་སྐྱེ་དངོས་གཞན་པའི་གྲུང་གཤིས་ཆ་རྡུལ་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་ཡིན་སྲིད།
            གལ་ཏེ་འབྲུམ་ཐོར་གྱི་གནད་དོན་ཅུང་ཚབས་ཆེན་ཡིན་ན། འོ་མ་དང་འོ་མའི་ཐོན་རྫས་ཀྱི་བཟའ་བཏུང་ཇེ་ཉུང་དུ་གཏོང་འོས། 
            གཞན་ཡང་། ཐཱན་ཆུ་མཐོ་བ་དང་ཚི་སྣ་དམའ་བའི་ཟས་རིགས་དཔེར་ན། མངར་ཆ་འདུས་པའི་སྐོམ་ཆུ་སྣ་ཚོགས། ཞིབ་བཟོས་འབྲས་ཕྱེ་སོགས་ཀྱིས་ཀྱང་འབྲུམ་ཐོར་ཚབས་ཇེ་ཆེར་གཏོང་སྲིད། 
            གླེང་དགོས་པ་ཞིག་ནི། འབྲུམ་ཐོར་ནི་རྒྱུ་རྐྱེན་མང་པོ་ཞིག་གིས་བཟོས་པ་ཡིན་ལ། འབྲེལ་ཡོད་རྒྱུ་རྐྱེན་གཙོ་བོ་ནི་མཚན་སྐུལ་རྩི་ཆུ་ཚད་དང་པགས་ཚིལ་གཤེར་རྨེན་འབོར་ཆེན་ཟགས་ཐོན་བྱེད་པ། ཆ་ཤས་ཀྱི་ཕྲ་སྲིན་སྐྱེ་འཕེལ་བྱེད་པ་སོགས་རེད།
            བཟའ་བཏུང་ཕྱོགས་ཀྱི་ཚོད་འཛིན་གྱིས་འབྲུམ་ཐོར་གསོ་བཅོས་བྱེད་པར་དངོས་གནས་ཕན་ཐོགས་ཡོད་མོད། འོན་ཀྱང་དེའི་བྱེད་ནུས་ཚད་ལས་བརྒལ་བར་སྒྲོ་འདོགས་བྱེད་མི་རུང་།    
            མདོར་ན། བཟའ་བཏུང་ལ་ཚོད་འཛིན་བྱེད་པ་ནི་རམ་འདེགས་ཙམ་ཡིན་ལ། གལ་ཏེ་འབྲུམ་ཐོར་ཅུང་ཚབས་ཆེན་ཡིན་ཚེ། རབ་ཡིན་ན་སྨན་པའི་རོགས་རམ་འོག་རྒྱུ་རྐྱེན་ཅི་ཡིན་པ་བཙལ་ཏེ་བྱེ་བྲག་གི་ནད་ལ་བལྟས་ནས་སྨན་བཅོས་བྱེད་དགོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1