ཧུང་ཡོན་རྫོང་གིས་གཅིག་བསྡུས་སྒོས་མང་ཚོགས་ལ་རྩྭ་འབྲེག་འཕྲུལ་འཁོར་འགྲེམ་གཏོང་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-08


རྒྱབ་ཁུར་རྩྭ་འབྲེག་འཕྲུལ་འཁོར་གྱིས་རྩྭ་འབྲེག་བཞིན་པ། 

               སྤྱི་ཟླ་12པའི་ཚེས་4ཉིན། ཧུང་ཡོན་རྫོང་ཞིང་འབྲོག་ཅུས་ཀྱིས་སྦྲ་ཆེན་གྲོང་རྡལ་དང་། ཨ་མཆོག་གྲོང་རྡལ། རྨེ་བ་ཡུལ་ཤོག སྐྱ་རོང་ཡུལ་ཤོག་བཅས་ཀྱི་འབྲེལ་ཡོད་ལས་བྱེད་པ་དང་། མང་ཚོགས་ཀྱི་སྐུ་ཚབ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། ཁོ་ཚོར་གྲུམ་བུ་ཚིགས་ཆེན་ནད་ཀྱི་ཐོན་ལས་གསོ་སྦྱོང་ལས་གཞི་ཞེས་པའི་རྒྱབ་ཁུར་རྩྭ་འབྲེག་འཕྲུལ་འཁོར་འགྲེམ་གཏོང་བྱས་པ་མ་ཟད། ཐོན་རྫས་མཁོ་འདོན་མཁན་གྱི་ལག་རྩལ་མི་སྣ་བོས་ནས་ཁོ་ཚོར་རྒྱབ་ཁུར་རྩྭ་འབྲེག་འཕྲུལ་འཁོར་གྱི་སྙོམ་སྒྲིག་བྱེད་སྟངས་དང་བཀོལ་སྤྱོད་བྱེད་སྟངས། བདག་གཉེར་བྱེད་སྟངས་སོགས་ཀྱི་ཐད་ལ་ཡུལ་དངོས་ནས་ལག་རྩལ་གསོ་སྦྱོང་བྱས། ཐེངས་འདིར་འགྲེམ་གཏོང་བྱས་པའི་རྒྱབ་ཁུར་རྩྭ་འབྲེག་འཕྲུལ་འཁོར་150ཡོད་ལ། དེའི་ཁྲོད་དུ་སྐྱ་རོང་ཡུལ་ཤོག་ལ་འཕྲུལ་འཁོར་50དང་། སྦྲ་ཆེན་གྲོང་རྡལ་ལ་འཕྲུལ་འཁོར་50འགྲེམ་གཏོང་བྱས་ཡོད། དེ་མིན་ཨ་མཆོག་གྲོང་རྡལ་ལ་འཕྲུལ་འཁོར་40དང་རྨེ་བ་ཡུལ་ཤོག་ལ་འཕྲུལ་འཁོར་10བཅས་སྤྲད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1