རྔ་བ་ཁུལ་ཀིརྟི་དགོན་གྱིས་སྒྲིག་སྲོལ་གསར་གཏོད་དང་བྱེད་ཐབས་སྣ་ཚོགས་སྤྱད་ནས་མེ་འགོག་བདེ་འཇགས་ལ་ཤུགས་གནོན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-19


        ད་ལོ་ནས་བཟུང་། རྔ་བ་ཁུལ་ཀིརྟི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱི་མེ་འགོག་བདེ་འཇགས་ལས་དོན་གྱི་ཁྲིམས་སྲོལ་དང་ལམ་ལུགས་རེ་རེ་བཞིན་མཐའ་གཅིག་ཏུ་དོན་འཁྱོལ་དང་ལག་ལེན་བྱས་ཤིང་། སྒྲིག་སྲོལ་གསར་གཏོད་དང་བྱེད་ཐབས་སྣ་ཚོགས་སྤྱད་ནས་མེ་འགོག་བདེ་འཇགས་ཀྱི་ལྐོག་གནས་རྐྱེན་ངན་སྒྲིག་བཅོས་དང་ལེགས་བཅོས་ཀྱི་འགན་འཁྲི་ཕྲག་ལ་འཁུར་བ་དང་དམ་པོར་བཟུང་སྟེ་དགོན་པའི་མེ་འགོག་བདེ་འཇགས་ལས་དོན་རེ་རེ་འགན་དུ་བླངས།

མེ་གསོད་ཡོ་བྱད་ལ་ཞིབ་བཤེར་བྱེད་བཞིན་པ།

        རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ནས་ལས་བྱེད་པ་དང་དགེ་འདུན་པའི་ངོས་འཛིན་གཅིག་གྱུར་བྱུང་ཡོད། ཚེ་སྲོག་ནི་རི་བོ་ཐའེ་ཧྲན་ལས་ལྗིད་པ་དང་བདེ་འཇགས་ཨང་དང་པོར་འཇོག་པའི་བསམ་བློ་དམ་པོར་བཅངས་ནས། སྔ་གཞུག་ཏུ་ཏང་ཨུའི་ཚོགས་འདུ་ཐེངས་6དང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་7ཚོགས། ལས་བྱེད་པ་དང་དགེ་འདུན་པའི་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུའམ་ལས་བྱེད་པ་དང་ལས་བཟོ་པའི་ཚོགས་འདུ་ཐེངས་5འཚོགས་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཤིང་། མིག་སྔའི་དགོན་པའི་བདེ་འཇགས་ལས་དོན་གྱི་ཞན་ཆར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། དགོན་པའི་མེ་འགོག་དང་བྲུག་འགོག་ལས་ཀ་བཀོད་སྒྲིག་བྱས། ལས་བྱེད་པ་དང་དགེ་འདུན་པའི་ལས་འགན་ནན་གྱིས་ལག་ལེན་དང་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས། མེ་འགོག་མཁོ་བསྟུན་རོགས་སྐྱོབ་རུ་ཁག་གི་ལས་འགན་སྔར་ལས་དོན་འཁྱོལ་བྱས་ཏེ། དགོན་པའི་སྤྱི་སྤྱོད་ཚོགས་ར་དང་གྲྭ་ཁང་། འགྲོ་ལམ་ཀུན་ལ་ཁེབས་པར་བྱས་ཤིང་ཟ་ཟུར་གཅིག་ཀྱང་མ་ཆད་པར་ལྟ་ཞིབ་དང་དོ་དམ་བྱས། དགོན་པའི་ནང་གི་གཞུང་ལས་ཁང་དང་ཚོགས་ཆེན་འདུ་ཁང་། གྲྭ་ཚང་། ཚོང་ཁང་བཅས་ཀྱི་འགན་འཁྲི་སྔར་ལས་དོན་འཁྱོལ་བྱས་ཏེ། དངོས་སུ་འགན་ཁུར་མི་སྣ་33ལ་བདེ་འཇགས་ཐོན་སྐྱེད་འགན་ལེན་ཡི་གེར་མིང་རྟགས་བཀོད་དེ། བདེ་འཇགས་ཐོན་སྐྱེད་འགན་འཁྲི་ཕྱོགས་ཀུན་ནས་དོན་འཁྱོལ་བྱས།

ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་མེ་ཟོན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་བཞིན་པ།

        བྱེད་ཐབས་སྣ་ཚོགས་སྤྱད་ནས་དགོན་པའི་བདེ་འཇགས་གང་ནུས་ཀྱིས་འགན་དུ་བླངས། དགོན་པའི་ས་མཚམས་གཙོ་བོ་དང་རིག་དངོས་སྲུང་སྐྱོང་ཁང་གཙོ་བོ། དགེ་འདུན་པའི་གྲྭ་ཁང་བཅས་དྲྭ་རྒྱའི་ལུགས་དང་ཀུན་ཁྱབ་ལུགས་ཀྱིས་ཐེངས་6ལ་ཞིབ་བཤེར་བྱས་ཏེ། གནས་ཚུལ་སྙན་ཞུ་1ཡར་ཞུ་བྱས་པར་མ་ཟད། གློག་ལམ་དང་གློག་ཆས་སོགས་ལྐོག་གནས་རྐྱེན་ངན་33བསྒྱུར་བཅོས་བྱེད་པའི་བཀའ་ཕབ་པ་དང་། འགོག་བཤེར་བཅོས་གསུམ་གྱི་ལས་ཀ་ཁྱོན་ཡོངས་ནས་ལག་ལེན་བྱས། རྔ་བ་རྫོང་མཁོ་བསྟུན་དོ་དམ་ཅུས་དང་མེ་གསོད་རུ་ཁག་གདན་དྲངས་ནས་གནོད་འགོག་གནོད་སེལ་གྱི་ལས་རིགས་ལག་རྩལ་གསོ་སྦྱོང་བྱེད་སྒོ་ཐེངས་2ལ་སྤེལ་ནས། དགེ་འདུན་པ་རྣམས་ཀྱི་རང་སྲུང་འདུ་ཤེས་དང་རང་སྐྱོབ་ནུས་པ་མུ་མཐུད་དུ་ཇེ་མཐོར་བཏང་། བཀོད་སྒྲིག་འོས་འཚམས་དང་སྒྲིག་ཆས་ཆ་ཚང་ལས་དོན་གྱི་བླང་བྱ་ལྟར་ཕྲ་རིགས་མེ་འགོག་ས་ཚིགས་1བཙུགས་ཤིང་། མཁོ་བསྟུན་གནོད་གཡོལ་ཕྱོགས་སྟོན་བྱང་བུ་3བཟོས། མེ་འགོག་དང་གློག་འགོག་གི་ཉེན་ཟོན་བརྡ་རྟགས་10བཙུགས། མེ་གསོད་འཕྲུལ་ཆས་30གསར་དུ་བརྗེས། ཕྱེ་སྐམ་མེ་གསོད་འཕྲུལ་ཆས་125གསར་སྣོན་བྱས། “འབྲེལ་གཉིས་སྒྲོག་གཅིག”དང“འགན་ལེན་གསུམ་དང་སྦྱར་བྱང་གཅིག”དགོན་པ་དང་གྲྭ་ཁང་དུ་སྤེལ་བའི་ལས་ཀར་དམ་པོར་དམིགས་ནས། དགོན་པའི་མཐོ་རིམ་ལ་ཐེངས་12ལ་སྒྲོག་འགྲེལ་བྱས་ཤིང་། མེ་འགོག་བདེ་འཇགས་ཀྱི་བསམ་འཆར་དང་གྲོས་གཞི་23བསྡུས་པ་དང་མེ་འགོག་བདེ་འཇགས་དྲིལ་བསྒྲགས་སྒེའུ་4གསར་དུ་བསྣན། མེ་འགོག་བདེ་འཇགས་དྲིལ་བསྒྲགས་ཡི་གེ་1200ལྷག་བཀྲམ། གཟའ་འཁོར་རེར་ཁྲིམས་ལུགས་སློབ་ཐུན་རེ་ཞེས་པ་དང་འབྲེལ་ནས། དགེ་འདུན་པ་རྣམས་ལ་གནོད་འགོག་གནོད་སེལ་གྱི་བདེ་འཇགས་ཤེས་བྱ་ཐེངས་1ལ་ཁྱབ་གདལ་དུ་བཏང་། དྲྭ་ལམ་ནས་སྐད་འཕྲིན་སྤྱི་སྟེགས་ཀྱི《 ཁྲིམས་སྒྲོག་སྒྲ་དུང་།》 ཞེས་པའི་ལེ་ཚན་བརྒྱུད་ནས། མེ་འགོག་མེ་སྤྱོད་ཀྱི་བདེ་འཇགས་དང་མཁོ་བསྟུན་རང་སྐྱོབ་ཤེས་བྱ་7སྤེལ་ཡོད། ཉེན་ཁ་དཔྱད་འཇོག་ལས་སྒྲུབ་ལམ་ལུགས་ནན་གྱིས་ལག་ལེན་བྱས་ཏེ། དགོན་པའི་ཆོ་ག་གལ་ཆེན་དང་དགུན་དུས་ཀྱི་མེ་སྐྱོན། བྲུག་དུས་ཀྱི་ཆུ་ལོག་གནོད་འཚེ་བཅས་ལ་གཞིགས་ནས་ནན་ཏན་སྒོས་དཔྱད་འཇོག་དང་དབྱེ་ཞིབ། ཞིབ་འཇུག་བྱས་ཏེ། འགོག་སྲུང་སྔོན་དང་སྔོན་འགོག་གཙོ་ཞེས་པ་དངོས་སུ་འཁྱོངས་པར་བྱས་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1