༄༅།།རྒྱུན་དུ་རྐེད་པ་ན་བ་ཡིན་ན། ཁྱེད་ཀྱི་ཉལ་སྟངས་ལ་རྟོགས་ཤིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 08-19


        མིག་སྔར། རྐེད་པ་ན་བ་ནི་མི་མང་པོར་བྱུང་བའི་ནད་རྟགས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། དེའི་དོན་དུ་སྨན་བཅོས་དང་སྦྱོང་བརྡར་སོགས་བྱེད་བཞིན་ཡོད། ཡིན་ནའང་། ཉལ་སྟངས་མི་ལེགས་པ་འདི་ཡང་རྐེད་པ་ན་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་སམ།

པར་རིས་བརྒྱ་འཚོལ་ལས་དྲངས།
        ཞག་མ་གཅིག་གི་ཉལ་སྟངས་མི་ལེགས་པ་ཞིག་གིས་ཁྱོད་ཀྱིས་སྨན་བཅོས་དང་སྦྱོང་བརྡར་བྱས་པའི་འབྲས་བུ་ཚང་མ་བརླགས་ཀྱང་སྲིད། གཤམ་ནས་ང་ཚོས་ཉལ་སྟངས་འགའ་ལ་ཐེངས་ཤིག་བརྟགས། དེ་ནས་ཁྱེད་རང་གི་ཉལ་སྟངས་འགྲིག་མིན་ལ་རྟོགས་རོགས།
        ཟུར་དུ་ལོག་ནས་ཉལ་བ་དང་ཁ་སྦུབ་ཏུ་ལོག་ནས་ཉལ་བ། མཛེས་མའི་ཉལ་སྟངས་ཚང་མ་ཡིས་རྐེད་པ་ལ་གནོད་པ་ཡིན།
པར་རིས་རྒྱུན་ཤེས་དྲ་བ་ལས་དྲངས།
        ཟུར་དུ་ལོག་ནས་ཉལ་བ་ནི་རྒྱུན་ལྡན་དུ་མཐོང་བ་ཞིག་ཡིན་ལ། གསར་བུ་མང་པོ་ཞིག་འདི་ལྟར་མ་ཉལ་ན་གཉིད་ཀྱང་མི་ཡོང་བ་རེད། ཡིན་ནའང་། ཟུར་དུ་ལོག་ནས་ཉལ་ན་རྐེད་ཚིགས་དང་སྒལ་གཞུང་གཉིས་ཀ་ཡུན་རིང་ལ་ཀུག་ནས་ཡོད་སྟབས། མཁར་མཚམས་ལ་གནོན་ཤུགས་ཐེབས་པ་དང་། དེ་ནས་སྒལ་ཚིགས་ཁ་ཕྱོགས་གཅིག་ལ་འབུར་དུ་ཐོན་པ་ལས་རྐེད་ཚིགས་ཀྱི་མཁར་མཚམས་འབུར་དུ་ཐོན་པའི་ནད་རྟགས་འབྱུང་བ་ཡིན།
        དུས་མཚུངས་སུ། ཉལ་སྟངས་འདི་ཡིས་དཔྱི་མགོའི་ལྷུ་ཚིགས་ལ་གནོད་པ་དང་། ཡུན་རིང་འགོར་ན་དཔྱི་མགོ་མི་བདེ་བར་གྱུར་ནས། རིམ་པར་རྐེད་པ་ན་བའི་རྒྱུ་རྐྱེན་ཞིག་ཏུ་འགྱུར།
པར་རིས་ཨ་མས་ཕྲུ་གུ་གཉོར་བ་ཞེས་པ་ལས་དྲངས།
        ཁ་སྦུབ་ཏུ་ལོག་ནས་ཉལ་བ་ནི་མགོ་བོ་ཁ་ཕྱོགས་གཅིག་ལ་གཏད་ཡོད་པས་ལུས་ཀྱི་ཤ་གནད་ཚང་མ་གྲིམ་འཁུམ་གྱི་རྣམ་པར་གནས་པ་དང་། དེ་ནས་སྐེ་ཚིགས་ན་བའི་ནད་འབྱུང་། སྐེ་དང་རྐེད་པ་གཉིས་ཀྱི་ཤ་གནད་དམ་པོར་སྦྲེལ་ཡོད་སྟབས། རྐེད་པ་ན་བའང་བསྐྱེད་པ་ཡིན།
པར་རིས་བརྒྱ་འཚོལ་ལས་དྲངས།
        མཛེས་མའི་ཉལ་སྟངས་ནི་ལུས་པོ་ཟུར་དུ་ལོག་ནས་ཉལ་བའི་ཐོག་ལ་དངོས་པོ་གང་རུང་ཞིག་ལ་བསྔས་ཡོད་པ་དང་། དེ་དུས་ལུས་ཀྱི་སྒལ་ཚིགས་འཁྱོག་ནས་ཡོད། རྐེད་པ་ན་བའི་ནད་པ་མང་པོ་ཞིག་གི་སྒལ་ཚིགས་ཀྱང་ཚད་རིམ་མི་འདྲ་བའི་སྒོ་ནས་འཁྱོག་ཡོད་སྟབས། རྐེད་པ་ན་བའང་ཧ་ལས་དགོས་པ་ཞིག་མ་རེད།
གཤམ་གྱི་ཉལ་སྟངས་འདི་གཉིས་ཀྱིས་ལུས་ཀྱི་ངལ་དུབ་སེལ་ལ་རྐེད་པ་ན་བ་ལའང་ཕན་པ་ཡིན།
པར་རིས་པེ་ཅིང་ན་གཞོན་ཚགས་པར་ལས་དྲངས།
        ཟུར་དུ་ལོག་ནས་ཉལ་དུས། མཐོ་དམའ་འོས་འཚམ་གྱི་སྔས་མགོ་ཞིག་བདམས་ན། སྐེ་ཚིགས་འཁྱོག་པོར་མི་གནས། རྐང་བའི་བར་དུ་སྔས་མགོ་ཞིག་འཇོག་པ་དང་། དུས་མཚུངས་སུ་དཔྱི་དང་པུས་མོའི་སྐུམ་ཚད130°ཡས་མས་ཡིན་དགོས། འདི་ལྟར་བྱས་ན། སྒལ་ཚིགས་དྲང་མོར་ཡོད་པས། ཤ་གནད་ཚང་མའང་ལྷོད་པོར་གནས་ཐུབ།
གན་རྐྱལ་དུ་ཉལ་དུས། སྒྱིད་ཁུག་ཏུ་སྔས་མགོ་འཇོག་དགོས། མགོ་ཡི་སྔས་མགོའི་མཐོ་དམའ་གང་འཚམ་བདམས་ན། སྐེ་ཚིགས་ལ་འདེགས་སྐྱོར་གང་ལེགས་བྱེད། འདི་ལྟར་བྱས་ན། སྐེ་རུས་མདུན་དུ་མི་གསེག་ལ། རྐེད་པའི་ཤ་གནད་ཚང་མའང་ལྷོད་པོར་གནས་ཐུབ།
ར་རིས་བརྒྱ་འཚོལ་ལས་དྲངས།

        གོང་གསལ་ཉལ་སྟངས་གཉིས་ཀྱི་ཁྱད་ཆོས་ཕྱོགས་གཅིག་ཏུ་བསྡུས་ན། གཙོ་བོ་ནི་སྒལ་ཚིགས་འཁྱོག་ནས་མི་ཉལ་བ་དེ་རེད།

(འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས། པར་རིས་དྲ་བ་ལས་དྲངས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1