ཞི་ཅིན་ཕིང་གིས་མཱ་ཀང་ཚོགས་པར་སྐུལ་ལྕག་འདི་འདྲ་གནང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-21


        ཞི་ཅིན་ཕིང་གིས་མཱ་ཀང་ཚོགས་པར་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་དུ་གོང་འཕེལ་གཏོང་བའི་ཁྲོད་གོ་སྐབས་དམ་འཛིན་གྱིས་བབ་བསྟུན་གྱི་གོང་འཕེལ་གཏོང་དགོས་ཞེས་སྐུལ་ལྕག་གནང་།

     སྤྱི་ཟླ་8པའི་ཚེས་19ཉིན་གྱི་སྔ་དྲོ། ཨན་ཧུའེ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོའི་པའོ་ཝུའུ་མཱ་ཀང་ངར་ལྕགས་ཚོགས་པའི་སྤུས་ལེགས་བསྲེས་ལྕགས་རྒྱུ་ཆའི་འཁོར་ཁང་དུ་ཕེབས་ནས། དྲོད་ཚད་མཐོ་བར་ཐུགས་འཛེམས་མ་གནང་བར་ཐོན་སྐྱེད་འཁོར་ཁང་གི་གནས་ཚུལ་ལ་གཟིགས་གནང་བ་མ་ཟད། ངལ་རྩོལ་དཔེ་བཟང་པ་དང་བཟོ་པའི་འཐུས་མི་དང་མཛའ་བརྩེའི་ངང་སྤེལ་རེས་གནང་བ་རེད།

     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་གང་སར་འགོས་ཁྱབ་འགྲོ་བའི་དུས་སྐབས་འདིར། སྤྱི་ཚོགས་དང་དཔལ་འབྱོར་ཚང་མར་ཤུགས་རྐྱེན་ཐེབས་ཡོད། འོན་ཀྱང་མཱ་ཀང་ངར་ལྕགས་ཚོགས་པས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་སྔ་པོ་ཡིན་པ་དང་། ཐོན་འབོར་དང་ཚོང་གཉེར་གྱི་ཡོང་འབབ་དུས་མཚུངས་པ་དང་བསྡུར་ན་གཉིས་ཀ་འཕར་ཡོད། འདིའི་ཐོག་ནས་ཀྱང་ང་ཚོའི་གཞུང་ཁོངས་ཁེ་ལས་ཀྱི་སྟོབས་ཆེའི་ནུས་པ་མངོན་ཐུབ། ཁྱེད་ཚོས་གཟི་བརྗིད་མང་པོ་བཏོད་པ་དང་། ད་ཆ་རང་ཉིད་ཀྱི་བཟང་ཆ་དམ་འཛིན་བྱས་ཏེ། མིག་སྔར་ཁེ་ལས་དེང་རབས་ཅན་དུ་འགྱུར་བའི་གོང་འཕེལ་གྱི་འཕེལ་ཕྱོགས་དང་བསྟུན་ནས། དེང་རབས་ཁེ་ལས་བསྒྱུར་བཅོས་གོང་འཕེལ་ཁྲོད་དང་ལྷག་དོན་དུ་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་གོང་འཕེལ་ཁྲོད་དུ། གོ་སྐབས་དམ་འཛིན་དང་བབ་བསྟུན་གོང་འཕེལ་བཏང་ནས། འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་གོང་འཕེལ་ཆེད་རང་ཉིད་ཀྱིས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།















དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1