ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་ཙུང་ལི་ཡིས་ཁ་པར་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱུ་བསྐྱར་སྒྲོག་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-24


 
    ཨུ་རུ་སི་དཀར་པོའི་ཙུང་ལི་ཀི་ལོ་ཧྥུའུ་ཆིན་ཁི་དང་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གཉིས་ཀྱིས་ཚེས་བཅུ་དགུ་ཉིན་ཁ་པར་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་བསྐྱར་སྒྲོག་བྱས། 
    བསྒྲགས་པ་ལྟར་ན། ཀི་ལོ་ཧྥུའུ་ཆིན་ཁི་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་མུས་ཧྲུའུ་སི་ཅིང་ལ་ཨུ་རུ་སི་དཀར་པོའི་མིག་སྔའི་གནས་བབ་དང་རྒྱལ་ཁབ་ཀྱི་གཏན་འཇགས་གནས་བབ་ལ་གཏོར་བརླག་གཏོང་བར་སྔོན་འགོག་བྱེད་པར་སྤྱད་པའི་བྱེད་ཐབས་སྙན་ཞུ་བྱས། ཁོས་བསྟན་དོན། མིག་སྔར་ཨུ་རུ་སི་དཀར་པོའི་དཔལ་འབྱོར་ཁྱབ་ཁོངས་སོ་སོ་དང་བཟོ་ལས་ཕྱོགས་བསྡུས་ཚོགས་པ་གང་ཡིན་ཡང་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་བཞིན་ཡོད་ཟེར། 
    རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ད་རུང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད་དགོས་ངེས་ཀྱི་ཆོད་དོན་སྤེལ། དེའི་ནང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་མཉམ་ལས་ལ་བརྟེན་ནས་མཐའ་མཚམས་ཀྱི་འགྲིམ་འགྲུལ་བཀག་རྒྱ་མེད་པར་གཏོང་བ་སོགས་འདུས། 
    གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པ་དང་ནུས་ཁུངས་དང་བཟོ་ལས། དེ་མིན་ཁྱབ་ཁོངས་གཞན་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་འབྲེལ་ཡོད་ཀྱི་བྱེ་བྲག་གནད་དོན་ལ་གྲོས་བསྡུར་བྱས། གཅིག་གྱུར་སྒོས་བལྟས་ན་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པར་འདོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1