ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་ཏུ་རྣམ་འབྱོར་པ་ཆེན་པོ་རྗེ་བཙུན་མི་ལ་རས་པ་ཞིབ་འཇུག་ཞེས་པའི་ཆེན་དོན་འཆད་ཁྲིད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


དགེ་རྒན་ཆེན་མོ་གཞོན་པ་ཀུན་དགའ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

             ཉེ་ཆར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་ཕྱོགས་བསྡུས་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཁང་དུ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཀུན་དགའ་ལགས་ཀྱིས་གཙོ་ཁྲིད་གནང་བའི་《དུས་རབས་བཅུ་གཅིག་པའི་བོད་ཀྱི་རྣར་འབྱོར་པ་རྗེ་མི་ལ་རས་པ་ཞིབ་འཇུག》ཅེས་པའི་རིག་གཞུང་སྙན་ཞུའི་ཚོགས་འདུ་གནང་།

སློབ་མ་ཚོས་གཟབ་ནན་གྱིས་ཁོང་གི་འཆད་ཁྲིད་ལ་ཉན་བཞིན་པ།

            འཆད་ཁྲིད་ཀྱི་ནང་དོན་ཕྱོགས་གཉིས་ཀྱི་སྒོ་ནས་བཤད་ཡོད་དེ།  གཅིག་ནི་རྗེ་མི་ལ་རས་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ར་སྤྲོད་དང་། གཞན་དེ་ནི་རྗེ་མི་ལ་རས་པའི་གསུང་མགུར་རྩོམ་འབྲི་གནང་པའི་སྤྱི་ཚོགས་རིག་གནས་ཀྱི་རྒྱབ་ལྗོངས་དེ་ཡིན།  སྐུ་ཞབས་ཀུན་དགའ་ལགས་ཀྱིས་རྗེ་མི་ལ་རས་པའི་མི་ཚེ་གང་པོའི་ལོ་རྒྱུས་དང་རིག་གནས་བྱས་རྗེས་སོགས་མངོན་སུམ་གསལ་རྗེན་གྱིས་ངོ་སྤྲོད་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1