གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༢༤ཉིན།

༄༅།།“འཁྱགས་པ”འདི་དག་ གིས་ལུས་ཕུང་ལ་གནོད་པ་ཆེན་པོ་ཐེབས་སྲིད།

        དབྱར་ཁར་ཚ་གདུག་ཆེ་བའི་དབང་གིས་མི་རྣམས་འཁྱགས་པའི་རིགས་བཟའ་བའམ་འཐུང་རྒྱུར་ཧ་ཅང་དགའ་མོད།འོན་ཀྱང་འཁྱགས་པའི་རིགས་བཟའ་ཚད་མང་ན་ལུས་ཕུང་ལ་གནོད་པ་ཆེན་པོ་ཐེབས་པས།རྒན་པ་དང་དལ་གཤིས་ནད་རིགས་བྱུང་ཡོད་པའི་ནད་པ་རྣམས་ཀྱིས་མཉམ་འཇོག་ལེགས་པོ་བྱེད་དགོས།

 ཆུ་འཁྱགས་འཐུང་བ།
        ཆུ་འཁྱགས་འཐུང་ན་མིའི་ལུས་སྟེང་གི་ཁྲག་རྩ་འཁུམ་སླ་བ་དང་། དབྱར་ཁར་ཆུ་འཁྱགས་འཐུང་རྒྱུ་མང་ན་ལུས་སྟེང་གི་མ་ལག་མང་པོར་ཚད་མི་འདྲ་བའི་གནོད་འཚེ་ཐེབས་པ་སྟེ།དཔེར་ན་རྒན་པ་རྣམས་ཀྱིས་ཆུ་འཁྱགས་འཐུང་ན་ཁྲག་རྩ་འཁུམ་སྟེ།ཕྲོག་དབྱིབས་སྡོད་རྩར་རྩ་འཁུམ་འབྱུང་བ་དང་སྦུག་ཁོག་ཇེ་དོག་ཏུ་སོང་ནས།ཁྲག་འཁོར་རྒྱུག་གི་ཚད་ཇེ་དལ་དུ་སོང་བའི་དབང་གིས་སྙིང་གཟེར་ནད་འབྱུང་བ་དང་ཐ་ན་སྙིང་རྩ་འགག་སླ་བ་རེད།

 འཁྱགས་ཟས་བཟའ་བ།
        འཁྱགས་ཐུག་དང་སིལ་ཀྭ་འཁྱགས་པ།ལྦུ་ཆང་འཁྱགས་པ་སོགས་འཐུང་ན།ཕོ་བའི་ཁྲག་རྩ་འཁུམ་པ་དང་ཁྲག་འཁོར་རྒྱུག་གི་ཚད་ཇེ་དལ་དུ་འགྲོ་བས།ཕོ་བའི་སྤྲི་དཀར་རྩབས་དང་རྒྱུ་མའི་སིང་ཕྱེ་རྩབས་སོགས་ཇེ་ཉུང་དུ་སོང་ནས་ཟས་རིགས་འཇུ་བར་གནོད་པ་ཐེབས་སྲིད་པ་དང་།དེ་ལྟར་དུས་ཡུན་རིང་ན་ཕོ་རྒྱུའི་རིམས་འགོག་ནུས་པ་ཇེ་དམའ་རུ་སོང་ནས་ཕོ་རྒྱུ་ལ་སྲིན་འབུའི་ནད་དུག་སོགས་ཀྱི་གནོད་པ་ཐེབས་སླ།དེས་མི་ཚད་ད་རུང་འཁྱགས་ཟས་རིགས་ཀྱིས་རྒྱུ་མའི་འབྱར་སྐྱི་དང་ཕོ་རྒྱུའི་ནང་ངོས་ཀྱི་དབང་རྩའི་མཇུག་སྣེ་ལ་ཕོག་ཐུག་བཏང་སྟེ།གསུས་ཁོག་ན་བ་དང་ཁོག་པ་བཤལ་བ་སོགས་མྱུར་གཤིས་ཕོ་རྒྱུའི་གཉན་ཚད་འབྱུང་སླ་བ་རེད།

 ཆུ་འཁྱགས་ཀྱིས་ཁྲུས་བྱེད་པ་དང་ཁ་ངོ་བཀྲུ་བ།
        ལུས་སྦྱོང་བྱས་ཏེ་རྔུལ་ཆུ་མང་པོ་བཞུར་རྗེས།མི་མང་པོ་ཞིག་གིས་ཆེས་ཐོག་མར་བསྒྲུབ་འདོད་པ་ནི་ཆུ་འཁྱག་གིས་ཁྲུས་བྱེད་འདོད་པ་དེ་རེད།ལུས་སྦྱོང་བྱས་རྗེས་ཁྲག་རྒྱུན་གྱི་འཁོར་རྒྱུག་ཇེ་མགྱོགས་སུ་འགྲོ་བ་དང་།བ་སྤུའི་བུ་ག་ཕྱེས་ཡོད་པས།གལ་ཏེ་ཆུ་འཁྱགས་ཀྱིས་ཁྲུས་བྱས་ན་གྲང་ངད་མགྱོགས་མྱུར་ངང་བ་སྤུའི་བུ་ག་བརྒྱུད་དེ་ལུས་ནང་དུ་འགྲོ་བ་དང་།དེ་ནས་གྲང་མོ་དང་འཕྲད་པའི་དབང་གིས་ལུས་སྟེང་གི་བ་སྤུའི་བུ་ག་མྱུར་དུ་ཟུམ་པས།གྲང་ངད་དེ་ལུས་ནང་དུ་ལུས་པས་ལུས་པོར་གནོད་པ་ཆེན་པོ་ཐེབས་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1