༄༅།། ལུས་ཕུང་སྦྱོང་བརྡར་སྐོར་གྱི་རྒྱུན་ཤེས་འདི་དག་ཤེས་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། 08-25




     མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། མི་དེ་བས་མང་བས་ཁོ་ཚོའི་ལུས་ཕུང་སྦྱོང་བརྡར་དང་བཟའ་བཏུང་གི་གལ་ཆེན་རང་བཞིན་རྟོགས་པ་དང་། དེ་དང་བསྟུན་ནས་ཡང་ལུས་སྦྱོང་དང་བཟའ་བཏུང་གི་གོམས་གཤིས་ངན་པའི་ཤུགས་རྐྱེན་ལས་བྱུང་བའི་བདེ་ཐང་གི་གནད་དོན་མང་པོ་ཞིག་བྱུང་བ་རེད།  འོ་ན།  ཅི་ལྟར་བྱས་ན་ད་གཟོད་འོས་འཚམ་གྱིས་ལུས་ཕུང་སྦྱོང་བརྡར་བྱེད་པ་ཡིན་ནམ།

 ལུས་སྦྱོང་གི་གོལ་སར་གཡོལ་དགོས།

     ལུས་སྦྱོང་བྱེད་མཁན་གྱི་མི་ཚོགས་ཀྱིས་གཙོ་ཟས་ཟ་མི་རུང་བ། འདི་ནི་ལུས་སྦྱོང་བྱེད་མཁན་གྱི་མི་ཚོགས་ཀྱིས་ཤ་གནད་འཕེལ་དུ་འཇུག་ཆེད། གཙོ་ཟས་མི་ཟ་བར། དེའི་ཚབ་ཏུ་ནོར་ཤ་དང་། བྱ་ཤའི་བྲང་ཁོག  བྱ་སྒོང་། སྤྲི་དཀར་ཕྱེ་མ་མང་པོ་ཟ་བ་དང་ ། དེ་ལྟར་དུས་ཚོད་རིང་པོ་འགོར་ན། ནང་ཁྲོལ་གྱི་འགན་ཁུར་ཇེ་ལྕིར་འགྲོ་བ་ཡིན། ཀུན་ལ་ཡང་དག་པའི་ལུས་སྦྱོང་གི་འདུ་ཤེས་ཤིག་ཆགས་དགོས་པ་དང་། ཤ་གནད་བདེ་ཐང་གི་རྣམ་པ་རྒྱུན་འཁྱོངས་བྱེད་པའི་དུས་མཚུངས་སུ། ཤ་གནད་ཚད་ལས་འདས་པའི་སྒོ་ནས་ཇེ་མང་དུ་མི་གཏོང་བར་སྤྲི་དཀར་ལུགས་མཐུན་གྱིས་ཁ་གསབ་བྱེད་དགོས་ཤིང་། གཙོ་ཟས་དང་ཚད་ཉུང་གཞི་རྒྱུ་བསྡུ་ལེན་བྱ་བར་ཁག་ཐེག་བྱེད་དགོས།


     ལུས་སྦྱོང་བྱེད་མཁན་ཚོས་སིལ་ཟས་ཟ་མི་རུང་བ།  ལྟ་ཚུལ་འདིའང་ནོར་འཁྲུལ་ཅན་ཡིན། དོན་དངོས་ཐོག་ང་ཚོས་སིལ་ཟས་འདེམ་ཤེས་ཚེ་སེམས་བདེ་མོས་ཟས་ཆོག་པ་ཡིན། དཔེར་ན་འཚོ་བཅུད་ཀྱི་སྟུག་ཚད་མཐོ་ཞིང་བོངས་ཚད་མི་ཆེ་བའི་སིལ་ཟས་ཏེ་ཤུན་མཁྲེགས་ཤིང་ཏོག་ལྟ་བུ། དེའི་ནང་དུ་ཐཱན་ཆུ་འདྲེས་འགྱུར་རྫས་དང་། སྤྲི་དཀར་རྒྱུ། ནུས་ཚད། གཏེར་རྒྱུ་སོགས་མིའི་ལུས་ཕུང་ལ་མཁོ་བའི་འཚོ་བཅུད་སྣ་མང་འདུས་ཤིང་། ཉིན་གཅིག་ལ་ཟས་ཐུན་གསུམ་ལས་གཞན། སིལ་ཟས་ཉུང་ངུ་ཁ་གསབ་བྱ་རྒྱུའང་ནུས་པ་ཁ་གསབ་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན།

 འགུལ་སྐྱོད་མི་འདྲ་བའི་བཟའ་བཅར་ཡང་ཁྱད་པར་ཡོད།
     རྒྱང་རྒྱུག་དང་། རྐང་འཁོར་ཞོན་ནས་ལམ་ཐག་རིང་བོར་བསྐྱོད་པ། དུས་ཡུན་རིང་པོར་ཆུ་རྐྱལ་བྱེད་པ་སོགས་ཚང་མ་དབྱང་ལྡན་ནུས་ཟད་ཀྱི་འགུལ་སྐྱོད་ཀྱི་ཁོངས་སུ་གཏོགས་ཤིང་། དུས་ཚོད་རིང་པོ་དང་ནུས་ཚད་ཟད་གྲོན་ཆེ་བ། རྔུལ་ཆུ་བཞུར་བ་མང་བས། དབྱང་ལྡན་འགུལ་སྐྱོད་བྱས་ཚེ་ཐོག་མར་ནུས་པ་འདང་ངེས་ཤིག་བསྡུ་ལེན་བྱེད་དགོས་ཤིང་། ཐཱན་ཆུ་འདྲེས་འགྱུར་རྫས་ཀྱི་བསྡུར་ཚད་ལུགས་མཐུན་ཡོང་བར་ཁག་ཐེག་བྱེད་དགོས་པ་དང་། ལུས་ཕུང་གི་ཁྲག་གི་མངར་ཆའི་ཆུ་ཚད་འོས་འཚམ་ཡོང་བར་རྒྱུན་སྲུང་བྱེད་དགོས། དེ་ནས་རླན་བཤེར་མཁོ་སྤྲོད་ལ་དོ་སྣང་ཆེན་པོ་བྱས་ཏེ། ཆུ་འདོར་བར་སྔོན་འགོག་བྱེད་དགོས་པར་མ་ཟད། ད་རུང་གཞི་རྒྱུའི་འཚོ་བཅུད་རྒྱུ་ཀལ་དང་། ལྕགས་སོགས་བསྡུ་ལེན་བྱ་རྒྱུ་ཁ་སྣོན་པར་དོ་སྣང་བྱེད་དགོས།
     ལྗིད་འདེགས་དང་། བར་ཐག་ཐུང་བའི་རྐང་འཁོར་བཞོན་པ། བར་ཐག་ཐུང་བའི་མྱུར་མགྱོགས་ཆུ་རྐྱལ་ནི་དབྱང་མེད་ནུས་ཟད་ཀྱི་འགུལ་སྐྱོད་དུ་གཏོགས་ཤིང་། དེར་དུས་ཚོད་ཐུང་བ་དང་། དྲག་ཚད་ཆེ་བའི་ཁྱད་ཆོས་ལྡན་པས། འདིས་མིའི་ལུས་ཕུང་དུ་སྤྲི་དཀར་རྫས་འདང་ངེས་ཤིག་བསྡུ་ལེན་བྱ་རྒྱུའི་རེ་བ་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ལུས་སྦྱོང་འདི་རིགས་ཀྱི་མིས་སྔོ་ཚལ་དང་ཤིང་ཏོག་མང་པོ་ཟོས་ཏེ་ཐཱན་ཆུ་འདྲེས་འགྱུར་གྱི་དངོས་པོ་ཁ་གསབ་བྱེད་དགོས་པ་དང་། དུས་མཚུངས་སུ་གློག་འབྱེད་རྫས་ཀྱི་བཏུང་བྱ་ཁ་གསབ་བྱེད་དགོས།

     འཚོ་བཅུད་མི་འདང་བའི་གནས་ཚུལ་འོག་ལུས་སྦྱོང་བྱེད་དགོས་ཤིང་། འདིས་ང་ཚོའི་བསམ་པའི་རྣམ་པར་ཤུགས་རྐྱེན་ཐེབས་པ་མ་ཟད། དུས་ཚོད་རིང་པོ་འགོར་ན་ད་རུང་ནང་ཁྲོལ་ལ་ཁུར་པོ་ལྕི་མོ་བཟོ་བ་ཡིན། དེ་བས་གང་འདོད་ཀྱིས་རུས་པ་མཛེས་པོ་དང་ཤ་གནད་ཀྱི་མཛེས་པར་རེ་སྙེག་བྱེད་མི་ཉན་པ་དང་། བཟའ་བཏུང་ལ་འཚོ་བཅུད་ལྡན་པ་དང་། ལུགས་མཐུན་གྱིས་ལུས་སྦྱོང་བྱས་ཏེ་ཟ་མ་དང་འགུལ་སྐྱོད་དོ་སྙོམས་ཡོང་ཚེ་ད་གཟོད་ཆེས་མཛེས་ཤིང་སྡུག་པའི་ལུས་སྦྱོང་གི་རྣམ་པ་ཡོང་ཐུབ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1