སྤུ་ཧྲེང་རྫོང་སྟོད་ཡུལ་གྲོང་ཚོ་མཛེས་ལ་མི་རྣམས་ཕྱུག་པ་དང་ཐོན་ལས་དར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-26


    མཐོ་ཞིང་བརྗིད་ཆགས་པའི་གནས་མོ་སྣ་གཉིས་རི་འདབས་དེད་ནས་ལྷོ་ཕྱོགས་སུ་ཕྱིན་པས་ན། སྤུ་ཧྲེང་རྫོང་གྲོང་དུ་མ་སླེབས་གོང་། མུ་མཐའ་མེད་པའི་གངས་རི་དང་གཡང་གཟར་གྱི་ལུང་གཞུང་དུ་ཁོད་སྙོམས་པའི་རི་ལྡེབས་མང་པོ་ཞིག་མིག་ལམ་དུ་འཆར་ཡོང་། རི་ལྡེབས་སུ་དཀར་གཙང་གི་ཁང་པ་དང་། ལྗང་མདོག་གི་ནས། ཚང་ཚིང་གི་ནགས་ཚལ། ད་དུང་སེར་མདོག་གི་པད་ཁའི་མེ་ཏོག་བཅས་ཀྱིས་སྣུམ་ཚོན་རི་མོ་དང་འདྲ་བའི་ཞིང་སྡེའི་མཛེས་ལྗོངས་ཤིག་གྲུབ་ཡོད།
    འདི་ག་ནི་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་གྱི་སྟོད་ཡུལ་གྲོང་ཚོ་ཡིན་ཞིང་། བོད་ནུབ་ས་མཐོའི་ཐོག་གི་ཞིང་ལས་གཙོ་བོར་བྱེད་པ་དང་མི་རྣམས་ཀྱིས“མངའ་རིས་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཆུང་ངུ”ཞེས་འབོད་པའི་ས་ཆ་ཞིག་ཡིན་ཞིང་། མི་རྣམས་ཞེན་ཆགས་ནས་ལོག་མི་འདོད་པའི་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་ཞིག་ཡིན།
དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་ས་ཁོངས་འགྲིམ་འགྲུལ་ཡག་པ་དང་། རིག་གནས་ཀྱི་ནང་དོན་ཟབ་པ། སྐྱེ་ཁམས་ཁོར་ཡུག་བཟང་བ་བཅས་ཀྱི་ལེགས་ཆར་བརྟེན་ནས། ཉེ་བའི་ལོ་ཤས་ནང་། སྟོད་ཡུལ་གྲོང་ཚོས་ས་ཁུལ་རིམ་པའི“སྣོད་བཅུད་ཤེས་དཔལ་གྲོང་ཚོ་དང་པོ”འཛུགས་སྐྲུན་ཧུར་ཐག་བྱས་ནས་མང་ཚོགས་ལ་རི་མོ་ལྟར་མཛེས་པའི་ཁོར་ཡུག་ནང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་པོ། ཡུལ་སྲོལ་ཡ་རབས། གྲོང་ཚོ་བཀོད་གཙང་། དོ་དམ་དམངས་གཙོ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་དང་། འབྱོར་འབྲིང་འཚོ་བའི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་བཞིན་ཡོད་པ་རེད།
   “2014ལོར་ཧྲའན་ཤིས་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་1600བཏང་བ་དང་། སྟོད་ཡུལ་གྲོང་ཚོར་ཁོར་ཡུག་བཅོས་སྒྲིག་ལས་གྲྭ་ལག་བསྟར་བྱས་པས་གྲོང་ཚོ་ཡོངས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་”ཅེས་སྟོད་ཡུལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཆོས་འཕེལ་གྱིས་སྤོབས་པ་ཆེན་པོས་གསར་འགོད་པར་བཤད། 
    བཀྲ་ཤིས་ཆོས་འཕེལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མདོ་ཡུལ་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་ལས་གྲྭས་དུད་ཚང་211གི་མང་ཚོགས་ཀྱི་སྡོད་ཁང་གཅིག་གྱུར་ངང་ཉམས་གསོ་བྱས་པ་དང་ཤིང་འཛུགས་ནགས་བཟོ་དང་རྩྭ་འདེབས་མུའུ་170བྱས་པ་རེད། ལས་སྒྲུབ་ཚོ་ཆུང་ཚང་མར་ཨར་འདམ་ལམ་བཟོས་ཞིང་། ཁང་པ་རྙིང་པ་ཚང་མ་བཤིག་ནས་ལོ་མང་རིང་ཕུང་གསོག་ཐེབས་པའི་གད་སྙིགས་གཙང་སེལ་བྱས་པ་རེད། གཅིག་གྱུར་འཆར་འགོད་ཀྱིས་ཕྱུགས་ཚང་དང་། གད་སྙིགས་རྫིང་བུ། གསང་སྤྱོད་བཅས་སྐྲུན་ཡོད། དུས་མཚུངས་སུ་ཁོར་ཡུག་སྲུང་སྐྱོང་རུ་ཁག་བཙུགས་ནས་གད་སྙིགས་ཉིན་རེར་གཙང་སེལ་དང་གཅིག་གྱུར་ངང་ཐག་གཅོད་བྱེད་ཀྱི་ཡོད། ཆུ་ལམ་དུ་ཆེད་བསྐོས་མི་སྣ་མངགས་ནས་དོ་དམ་བྱེད་དུ་བཅུག་སྟེ“བརྒྱད་འཛོམས་ཞིང་དུད”ལས་གྲྭ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། 
   སྟོད་ཡུལ་གྲོང་ཚོའི་ཁོར་ཡུག་གཙང་སྦྲའི་རུ་ཁག་ལས་སྒྲུབ་ཚོ་ཆུང་8ནས་མི་1འཐེན་ཏེ་གྲུབ་ཅིང་། ཁྱོན་བསྡོམས་ཁོར་ཡུག་གཙང་སྦྲའི་བཟོ་པ་8ཡོད། ཁོང་ཚོས་ཉིན་ལྟར་རང་སོ་སོས་འགན་འཁུར་བའི་ས་ཁོངས་ལ་གཙང་སྦྲ་བྱས་ནས་གཟའ་འཁོར་རེར་གད་སྙིགས་གཅིག་སྡུད་ཐོག་རྫོང་གྲོང་གི་གད་སྙིགས་སྦས་སར་སྐྱེལ་གྱི་ཡོད། དབྱངས་ཅན་སྒྲོལ་མ་ནི་ནགས་བཟོ་ཚོ་ཆུང་གི་ཁོར་ཡུག་གཙང་སྦྲའི་བཟོ་པ་ཞིག་ཡིན། ཁོང་གིས་ལས་ཀ་འདི་བྱས་ནས་ལོ་ལྔ་ལྷག་ཙམ་སོང་། ཟླ་ཕོགས་སྒོར་2000ཡོད། “ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་མ་ཟད། ཞིང་ལས་ལའང་འཐུས་ཤོར་མི་འགྲོ་བ་དང་། ད་དུང་ལྟ་སྐྱོང་བྱེད་པ་དེ་རང་གི་ཕ་ཡུལ་གྱི་ཁོར་ཡུག་ཡིན་པས་ང་ལས་ཀ་འདིར་དགའ་པོ་ཡོད”ཅེས་དབྱངས་ཅན་སྒྲོལ་མས་བཤད།
    ལས་སླ་པོར་ཐོབ་པ་ཞིག་མིན་པའི་མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་སྲུང་སྐྱོང་དང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། སྟོད་ཡུལ་གྲོང་ཚོས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ནང་དོན་དེ་གྲོང་སྲོལ་དམངས་ཆིངས་ནང་བཀོད་ཡོད་པ་མ་ཟད། ད་དུང་གད་སྙིགས་གང་བྱུང་དུ་གཡུག་པ་དང་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་དངུལ་ཆད་བཅད་ཀྱི་ཡོད། “ཐོག་མར་མང་ཚོགས་རེ་ཟུང་ལ་ཆད་པ་ཕོག་ཡོད། ལོ་འདི་དག་ནང་ཕལ་ཆེར་ཆད་པ་ཕོག་པ་གཅིག་ཀྱང་མེད། དེ་ལས་ལྡོག་སྟེ་གད་སྙིགས་སྒྲུག་མཁན་ཇེ་མང་དུ་སོང་ཡོད། ད་ལྟ་སྟོད་ཡུལ་གྲོང་ཚོའི་ཁང་པའི་རྒྱབ་མདུན་དང་སྲང་ལམ་དུ་གད་སྙིགས་སྤུངས་པ་མཐོང་རྒྱུ་མེད་ལ་དེ་བས་མང་བ་ནི་གཙང་ཞིང་གྲལ་འགྲིག་པ་དེ་རེད”ཅེས་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།
    ཁོར་ཡུག་ལེགས་སུ་སོང་བས། ཡོང་འབབ་ཀྱང་ཇེ་མང་དུ་སོང་། 2018ལོར། སྟོད་ཡུལ་གྲོང་ཚོས་དེ་སྔོན་བཙུགས་པའི་ཞིང་པའི་ཨར་ལས་ཆེད་ལས་མཉམ་ལས་ཁང་དང་། གངས་ལྷ་མེ་ཏོག་དབུལ་སྐྱོར་བྱེ་རྡོའི་རྒྱུ་ཆ་བཟོ་གྲྭ གཞོན་ནུའི་དབུལ་སྐྱོར་སྔོན་བཟོས་ཨར་ལེབ་བཟོ་གྲྭ་བཅས་བསྡུ་སྒྲིལ་བྱས་ནས་ཤིན་ཧྥུའུ་ཤིན་པ་ཚད་ཡོད་ཀུང་སི་བཙུགས་པ་རེད། མིག་སྔར་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་488ཡོད་པ་དེ་དག་མང་ཚོགས་460ལ་ཁྱབ་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་28ཀྱི་མི་40ལ་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱས་ཡོད། ཀུང་སིས་ལོ་ལྟར་ཡོང་འབབ་ཀྱི་ཁེ་གཙང་ནང་ནས་15%ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁེ་སྤོགས་བགོ་བཤའི་མ་དངུལ་དུ་བརྩིས་ནས་སྤྲད་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཡོང་འབབ་ཀྱི་ཐབས་ལམ་ནུས་ལྡན་ངང་རྒྱ་ཆེར་ཕྱིན་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ཁོ་ནར་ཤིན་ཧྥུའུ་ཤིན་པ་ཚད་ཡོད་ཀུང་སིར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་680བྱུང་ཞིང་། ཁེ་གཙང་སྒོར་ཁྲི་80ཟིན་པ་དང་མང་ཚོགས་ཀྱི་རླངས་འཁོར་གྱི་སྐྱེལ་འདྲེན་འགྲོ་གྲོན་སྒོར་ཁྲི་280སྤྲད་པ་རེད། ཞིང་འབྲོག་མང་ཚོགས་ཀྱི་ངལ་ནུས་གཏོང་སྒོ་སྒོར་ཁྲི་125དང་འདྲུད་འཐེན་འཕྲུལ་འཁོར་བོགས་གཏོང་གི་འགྲོ་གྲོན་སྒོར་ཁྲི་35སྤྲད་པ་དང་། མང་ཚོགས་ལ་སྒོར་ཁྲི་52བགོས་པ་དང་དུད་ཚང་དབུལ་པོར་སྒོར་ཁྲི་8བགོས་ཡོད་པས། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ཟིན་ནས་མང་ཚོགས་མི་ཐེངས་200ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད། དུད་ཚང་དབུལ་པོ་28ཀྱི་མི་40དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ནས་སྤུ་ཧྲེང་རྫོང་ཡོངས་ལོ་དེར་བདེ་བླག་ངང་དབུལ་ཞྭ་ཕུད་ཐུབ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
    ནགས་བཟོ་ཚོ་ཆུང་གི་མང་ཚོགས་དཔལ་འབྱོར་ཚེ་རིང་གི་ཁྱིམ་ནི་སྟོད་ཡུལ་གྲོང་ཚོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བསྡུས་རིས་ཤིག་ཡིན། ཁོང་ལ་རྒྱ་ཁྱོན་སྨི་ངོས་གྲུ་200ལས་བརྒལ་བའི་སྡོད་ཁང་ཐོག་སོ་གཉིས་བྱས་པ་ཞིག་ཡོད་པ་མ་ཟད། ལོགས་སུ་བསྐྲུན་པའི་ལྷས་ར་དང་ལག་ཆ་འཇོག་ཁང་དང་། ད་དུང་རྒྱ་ཆེ་ལ་གྲལ་འགྲིག་ཤིང་མེ་ཏོག་གིས་ཁེངས་པའི་སྒོ་ར་བཅས་ཡོད།
    “ལོ་དེ་དག་རིང་ཏང་དང་སྲིད་གཞུང་གིས་ང་ཚོའི་གྲོང་ཚོའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་ལ་ཐུགས་ཁུར་ཆེན་པོ་གནང་ཡོད། ང་ཚོ་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ལ། ཆུ་དང་གློག་མི་ཆད་པ་ཡོད་པས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཀྱང་མཐོ་རུ་ཕྱིན་ཡོད། ལོ་ལྟར་རང་འགུལ་ངང་ཤིང་འཛུགས་དང་མེ་ཏོག་འདེབས་འཛུགས་བྱེད་ཀྱི་ཡོད། སྟོད་ཡུལ་གྲོང་ཚོར་ད་ལྟའི་ཡོད་ཚད་བྱུང་བ་ནི། ཏང་དང་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཡིན་”ཞེས་དཔལ་འབྱོར་ཚེ་རིང་གིས་བཤད།

     དཔལ་འབྱོར་ཚེ་རིང་གི་ཁྱིམ་ནས་དོན་སྐབས་སྟོད་ཡུལ་གྲོང་ཚོའི་སློབ་ཆུང་གི་སློབ་གྲྭ་གྲོལ་བའི་སྐབས་ཡིན་པས་ཁྱུ་དང་ཁྱུ་ཡི་སློབ་ཕྲུག་ཕན་ཚུན་སྐད་ཆ་ཤོད་པ་དང་གད་མོ་དགོད་བཞིན་ནང་དུ་ལོག་པ

http://tibet.people.com.cn/15821939.html  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1