གཟི་རྩ་སྡེ་དགུས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་པའི་འཁྲབ་སྦྱོང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-26


 
    ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་བྱེད་ཕྱོགས་ལག་ལེན་ཧུར་ཐག་བྱས་ནས་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་། ཚོད་འཛིན། མེ་གསོད་སྲོག་སྐྱོབ་བཅས་ནུས་ལྡན་བྱ་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང《ནགས་ཚལ་མེ་འགོག་སྐོར་གྱི་སྲོལ་ཡིག》སོགས་གཞིར་བཟུང་། ཉེ་ཆར། གཟི་རྩ་སྡེ་དགུ་རྫོང་མཁོ་བསྟུན་དོ་དམ་ཅུས་བཅས་ཚན་པ་8ཀྱིས་མཉམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མཁོ་བསྟུན་འཁྲབ་སྦྱོང་བྱེད་སྒོ་སྤེལ། འཁྲབ་སྦྱོང་ལ་ཞུགས་མཁན་མི་གྲངས་300ལྷག་ཟིན། རྩ་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། བཀོད་འདོམས་གཅིག་གྱུར་བཅས་བྱས་པ་བརྒྱུད་འཁྲབ་སྦྱོང་གི་ཇུས་གཞི་ཞིབ་ཕྲ་བཟོས་ནས་གཟི་རྩ་སྡེ་དགུ་ཡི་ཆེད་བསྐོས་མེ་གསོད་རུ་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱི་མེ་གསོད་རྩལ་ནུས་དང་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་།
   རྒྱུས་ལོན་པ་ལྟར་ན། ད་ཐེངས་ཀྱི་འཁྲབ་སྦྱོང་དུ་འཁྲབ་སྦྱོང་གི་ལས་འགན་ཕུན་སུམ་ཚོགས་པའི་ངང་གྲུབ་ནས་མེ་གསོད་དཔུང་ཁག་གི་མཁོ་བསྟུན་ནུས་པ་མངོན་ཡོད། དུས་རིམ་རྗེས་མར། རྫོང་དེས་ད་དུང་མེ་གསོད་རྩལ་ནུས་འཁྲབ་སྦྱོང་དང་བདེ་འཇགས་ཉེན་གཡོལ་གསོ་སྦྱོང་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ནུས་ལྡན་ངང་གསོད་ཐུབ་པ་དང་། ད་དུང་མི་ལུས་བདེ་འཇགས་འགན་ལེན་བྱས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1