“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་2020ལོ”དང“དམག་དཔུང་2020ལོ”ཡི་གླེང་སྟེགས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-27



     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་2020ལོ”དང“དམག་དཔུང་2020ལོ”ཡི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་ཀྱི་འགོ་འཛུགས་མཛད་སྒོ་ཉིན་ཤས་གོང་མོ་སི་ཁོ་རུ་གཉེར་བ་རེད། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བརྙན་ལམ་བརྒྱུད་ཤིས་ཚིག་བསྒྲོན་ནས་འགྲན་བསྡུར་དང་གླེང་སྟེགས་དེས་རྒྱལ་ཁབ་ཁག་དབར་གྱི་རྒྱལ་སྲུང་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ཕན་པ་ཡོད་ཅེས་བརྗོད་པ་རེད།
     ཕུའུ་ཅིང་གིས། བདེ་འཇགས་དང་དམག་དོན་ལག་རྩལ་མཉམ་ལས་ཐད་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་པ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཇུས་གཞི་མཉམ་དུ་འཚོལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་མང་རིང་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་གྱིས་མཛའ་མཐུན་གྱི་འབྲེལ་བ་དང་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པར་གཞོལ་བ་དེས་རྒྱལ་ཁབ་དབར་དང་མི་དམངས་དབར་ཞི་བདེ་མཉམ་གནས་དང་ཕན་ཚུན་བསམ་ཤེས་བྱེད་པར་ཕན་པ་ཡོད་ཅེས་བརྗོད་པ་རེད།
     “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་2020ལོ”ཟླ་8ཚེས་23ཉིན་ནས་ཟླ་9ཚེས་5ཉིན་བར་ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། ཨར་མེ་ཉི་ཡ། ཨ་ཟེར་བྷེ་ཇན། ཨུ་ཟ་བྷེ་ཁི་སི་ཐན་བཅས་སུ་གཉེར་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་གྱི་འགྲན་ཞུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1