ཏིར་ཏིར་གླ་འཁོར་ཨུ་རུ་སུའི་ཁྲོམ་རར་ཁྱབ་གདལ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-28


     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཏིར་ཏིར་གླ་འཁོར་ཨུ་རུ་སུའི་ཁྲོམ་རར་དངོས་སུ་ཁྱབ་གདལ་བཏང་བ་དང་ཨུ་རུ་སུའི་ཏ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་ཁ་ཧྲན་དུ་མགྱོགས་འཁོར་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། ཨུ་རུ་སུ་ནི་ཏིར་ཏིར་གླ་འཁོར་དྲ་ཐོག་ནས་མངགས་ཐུབ་པའི་ཕྱི་རྒྱལ་གྱི་ཁྲོམ་ར་དགུ་པ་དེ་ཡིན།
     ཏིར་ཏིར་ཀུང་སིའི་མཐོ་རིམ་ཙུང་ཚའེ་གཞོན་པ་དང་རྒྱལ་སྤྱིའི་ལས་སྒོའི་འགན་འཁུར་བ་གཅིག་ལྕོགས་ཀྲུའུ་ཅིང་ཧྲིས་འདས་ཟིན་པའི་ཟླ་ཤས་རིང་གོ་ལ་ཧྲིལ་པོའི་ལས་སྒོ་སླར་གསོ་དང་འཕེལ་རྒྱས་བྱུང་བ་དེས་ཏིར་ཏིར་ཀུང་སི་འཕེལ་རྒྱས་འགྲོ་བར་སེམས་ཤུགས་ཆེན་པོ་སྦྱིན་ཡོད། ཏིར་ཏིར་ཀུང་སིས་ཁྲོམ་ར་ཁག་གི་རིམས་འགོག་དང་ཞབས་ཞུའི་ཉམས་མྱོང་གཟབ་ནན་ངང་དཔྱད་གཞིར་འཛིན་ནས་ཤེས་ལྡན་པ་དང་ཐོན་རྫས་ས་སྐྱེས་རྡོ་སྐྱེས་ཅན་དུ་གྱུར་བའི་འཐབ་ཇུས་སྔར་བས་དོན་འཁྱོལ་བྱས་ཏེ་བློས་འཁེལ་བའི་ཞབས་ཞུའི་ལས་སྟེགས་སུ་འགྱུར་རྒྱུར་གཞོལ་བཞིན་ཡོད་ཅེས་བརྗོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་7པའི་ཟླ་སྨད་དུ་ཏིར་ཏིར་ཀུང་སིས་ཁ་ཧྲན་དུ་ཉིན་མཚན་དབྱེར་མེད་ཀྱི་མི་ཐབས་ཞབས་ཞུ་དང་ཁ་ལོ་བའི་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་བདེ་འཇགས་དང་རིམས་འགོག་གི་བྱ་ཐབས་ཁག་སྤྱོད་འགོ་ཚུགས་ཡོད། ཏིར་ཏིར་ཀུང་སིའི་ཨུ་རུ་སུའི་ཚོགས་པས་དྲ་རྒྱའི་ཐད་གཏོང་སོགས་དྲ་ཐོག་གི་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ས་གནས་དེ་གའི་ཁ་ལོ་བ་དང་བོགས་གཏོང་རླངས་འཁོར་ཀུང་སི་དང་སྦྲེལ་མཐུད་བྱས་པ་དང་སྦྲགས་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1