༄༅།།བོད་པའི་རྒྱན་ཆས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 08-31



           རྒྱན་ཆ་ནི་མིའི་རིགས་ལ་གྱོན་ཆས་དར་བའི་རྗེས་ནས་བྱུང་བ་ཞིག་ཡིན་ལ། རྒྱན་ཆའི་འབྱུང་ཁུངས་ནི་ཐོན་སྐྱེད་ཡོ་ཆས་ནས་རིམ་བཞིན་མཛེས་དཔྱོད་ཀྱི་ལྟ་བ་མཐོ་རུ་ཕྱིན་པ་སོགས་ལས་བྱུང་བ། གྲི་དང་བཞོ་བཟུང་། མེ་ཆ་སོགས་ཀྱི་འཕེལ་འགྱུར་ལས་ཤེས་ཐུབ།

དཔའ་རིས་ས་ཆའི་མོ་ཆས།

མཚོ་སྔོན་པོའི་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་མོ་ཆས།

ཀན་ལྷོ་གཙོས་ཀྱི་མོ་ཆས།
           བོད་མི་རིགས་ནི་རྒྱན་ཆ་ལ་མཐོང་ཆེན་བྱེད་པའི་མི་རིགས་ཤིག་ཡིན་ལ། རྒྱན་ཆའི་རྒྱུ་དང་འདོགས་སྲོལ་གྱི་ཐད་ནས་མི་རིགས་གཞན་དག་དང་ཁྱད་པར་ཆེན་པོ་ཡོད། རྒྱན་ཆའི་རྒྱུ་ལ་གཡུ་དང་བྱུ་རུ། མུ་ཏིག་དང་མུ་མེན། གསེར། དངུལ། ཟངས། དུང་སོགས་ཡོད་ལ། འདོགས་ཚུལ་ནི་མགོ་དང་སྐྲའི་ལན་བུ། རྣ། རྒྱབ། སྐེ། མཁྲིག་མ། མཛུབ་མོ། ལྭའི་གོང་བ། ལྭའི་འདབས། སྐ་རགས་སོགས་སུ་འདོགས་པ་སོགས་རྒྱན་ཆས་ཕུན་སུམ་ཚོགས་པ་ཡོད་དོ། །

རེབ་གོང་གི་མོ་ཆས།

ཡ་ཙེ་རྫོང་བིས་མདོའི་མོ་ཆས།

མངའ་རིས་སྤུ་རངས་ཀྱི་མོ་ཆས།

གཙང་གི་མོ་ཆས།

ཀོང་པོའི་མོ་ཆས། མགོ་ཤུབས།

ལྷོ་ཁའི་མོ་ཆས་དང་ཕོ་ཆས།

ཁྲོ་བོའི་དབང་ཆས། རུས་རྒྱན།

མཚོ་ལྷོ་ཁྲི་ཀའི་མོ་ཆས།
           རྒྱན་ཆས་དེ་དག་ནི་མཚོ་སྔོན་མི་རིགས་དངོས་མང་བཤམས་སྟོན་ཁང་ནང་ཉར་ཚགས་བྱས་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1