གཞས་མ་གཏམ་གྱི་གླུ་བ་བདེ་སྐྱིད་ཚེ་རིང་གི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་《ལམ》འགྲེམ་ལ་ཉེ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


                   རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྱི་ཁམས་པའི་ཕོ་རྒོད་དེ། བོད་ཀྱི་གཞས་མ་གཏམ་གྱི་གླུ་བ་གྲགས་ཅན་བདེ་སྐྱིད་ཚེ་རིང་གི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་《ལམ》ཞེས་པ་མི་འགྱངས་པར་གཞས་དུངས་གྲོགས་པོ་རྣམས་ཀྱི་སྙན་ལམ་དུ་ཕུལ་རྒྱུ་རེད།

                   བདེ་སྐྱིད་ཚེ་རིང་གི་དེ་སྔའི་གཞས་མ་གཏམ་གྱི་གླུ་གཞས་《ཨ་ཕ》ཞེས་པ་ལས་བོད་ཁུལ་ཡོངས་སུ་མིང་དུ་གྲགས་ཤིང་། ན་གཞོན་གྲོགས་པོ་རྣམས་ཀྱིས་གླུ་གཞས་ལེན་པར་ལད་མོ་བྱེད་ཡུལ་དུ་གྱུར། དུས་ཡུན་ལོ་དུ་མའི་རིང་གི་སྦྱོང་བརྡར་དང་། གཞས་དུངས་གྲོགས་པོ་རྣམས་ཀྱི་གཟིགས་རྟོགས་འོག  ཁོའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་མི་འགྱངས་པར་འགྲེམ་རྒྱུ་ཡིན་ཞིང་། རྒྱུས་ལོན་བྱུང་བ་ལྟར་ན། ཆེད་བསྒྲིགས་བརྙན་འཁོར་འགྲེམ་སྤེལ་བྱས་རྗེས། ལྷ་ས་དང་། སི་ཁྲོན། ཀན་ལྷོ། ཟི་ལིང་། ཡུལ་ཤུལ་སོགས་ས་ཁུལ་དུ་མི་སྒེར་གྱི་གླུ་གཞས་དགོང་ཚོགས་བསྡུ་རྒྱུ་ཡིན་པ་དང་།  སྐབས་དེར་ཁོས་རང་ཉིད་ཀྱི་གླུ་གཞས་ཆེད་བསྒྲིགས་བརྙན་འཁོར་གསར་བ་ཁྱེར་ཏེ་གླུ་གཞས་ཕུལ་ནས་རྒྱ་ཆེ་བའི་གཞས་དུངས་གྲོགས་པོ་རྣམས་ཀྱི་རྒྱབ་སྐྱོར་ལ་བཀའ་དྲིན་ཞུ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1